མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དེ“རྒྱལ་ཁབ་ཞིང་སྡེ་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཚོད་ལྟའི་ས་ཚིགས”སུ་བདམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཚན་རྩལ་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་མཉམ་དུ«རྒྱལ་ཡོངས་ཏང་ཡོན་ལས་བྱེད་པས་དེང་རབས་རྒྱང་བསྟེན་སློབ་གསོ་དྲ་བར་བརྟེན་ནས་ཀྲེ་ཅང་སོགས་ཞིང་ཆེན་ལྔ་ནས་རྒྱལ་ཁབ་ཞིང་སྡེ་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཚོད་ལྟའི་ས་ཚིགས་སྤེལ་བའི་སྐོར་གྱི་བརྡ་སྦྱོར»འགྲེམ་སྤེལ་བྱས་ཏེ། མཚོ་སྔོན་དང་ཀྲེ་ཅང་། ཅང་ཞི། ཀོས་ཀྲིག ཡུན་ནན་བཅས་ཞིང་ཆེན་ལྔ“རྒྱལ་ཡོངས་ཞིང་སྡེ་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན”འཛུགས་སྐྲུན་ཚོད་ལྟའི་ཞིང་ཆེན་དུ་བདམས།

རྒྱལ་ཁབ་ཞིང་སྡེ་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་ནི་ཚན་རྩལ་པུའུ་ཡིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ལ་མཉམ་འབྲེལ་བྱས་ཏེ་ཐུན་མོང་གིས་སྤེལ་བའི་ཚོད་ལྟའི་བྱ་བ་ཞིག་ཡིན་ལ། མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་དང་གྲོང་ཁྱེར་བདུན་ནས་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཚོད་ལྟའི་བྱ་བ་སྤེལ་བཞིན་ཡོད།

མིག་སྔར། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་ཚན་རྩལ་ཆ་འཕྲིན་ཕྱོགས་བསྡུས་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་བྱེད་པར་བརྟེན་ནས། ཞིང་ལས་ཚན་རྩལ་དང་སྨན་བཅོས་འཕྲོད་བསྟེན། རྒྱང་བསྟེན་སློབ་གསོ། སྤྱི་བའི་དོ་དམ་ཆ་འཕྲིན་ཅན་གྱི་རང་འགུལ་ཞབས་ཞུ་བསྐྱལ་བའི་རྣམ་པ་བཙུགས་པ་མ་ཟད་ཐོག་མའི་ཕན་འབྲས་ཐོབ་ཡོད་ལ། རྒྱལ་ཁབ་ཀྱིས་མཐོང་ཆེན་གནང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག