མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:31

   ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉེ་ལམ«ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་ལ་ཕྱོགས་བསྡུས་བཅོས་སྐྱོང་སྔར་ལས་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར»བཏོན་ནས། བཙོག་ཆུའི་སྦུག་དྲ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མགྱོགས་མྱུར་སྒོས་བཙོག་ཆུ་བཅོས་སྐྱོང་བྱེད་པའི་བཟོ་གྲྭའི་བསྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱེད་པ། བཟོ་ལས་དང་ཁེ་ལས་ཀྱི་བཙོག་ཆུ་བཅོས་སྐྱོང་ལ་ཤུགས་སྣོན་པ། ཙོང་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཞིང་སྡེའི་བཅོས་སྐྱོང་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་འདྲེན་དང་བར་ཆུ་སླར་ཡང་བཀོལ་སྤྱོད་བྱེད་པའི་བཟོ་སྐྲུན་མྱུར་དུ་སྤེལ་བ། ཧུར་ཐག་གིས་བཙོག་ཆུ་བཅོས་སྐྱོང་སྒྲིག་ཆས་ཚོང་ར་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་དང་ཚོང་གཉེར་སྤེལ་བ། ཁྲིམས་འཛིན་དང་ལྟ་སྐུལ་ནན་མོ་བྱེད་པ། སྲིད་ཇུས་དངོས་འབེབས་དང་མ་དངུལ་གཏོང་བར་ཤུགས་སྣོན་པ། འགན་ཁུར་དོན་འཁྱོལ་བྱས་ཏེ་མཉམ་དུ་ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་ལ་བཅོས་སྐྱོང་བྱེད་པ་བཅས་ཕྱོགས་དགུའི་ཐད་ནས། ཙོང་ཆུའི་བཞུར་རྒྱུད་ཀྱི་ཆུ་བཙོག་བཟོ་ཡི་འགོག་སྐྱོང་དམིགས་འབེན་དང་ལས་འགན། དུས་ཚོད་དང་དུས་ཚིགས། བྱེ་བྲག་གི་བྱེད་ཐབས་བཅས་གཏན་ཁེལ་གསལ་བོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག