མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་གྲོས་ཚོགས་བསྡུས་ནས་ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད་ཚན་ཁག་གི་ལེགས་སྒྲིག་བཀའ་ཁྱབ་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-28 12:30

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད་ཚན་ཁག་གི་ལེགས་སྒྲིག་བཀའ་ཁྱབ་བསྒྲགས། ལན་ཀྲི་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་མེའོ་ཧྭ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་ཁྱབ་བསྒྲགས་ཏེ། ལིས་སུང་ཧྲན་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་རུ་བསྐོ་བཞག་བྱས་པ་དང་། ཧྲ་ཅུན་ལན་ཀྲི་དམག་ཁུལ་གྱི་འབྲེལ་གཏུག་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་ལ་བསྐོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལོ་ཧོས་ཉིན་གྱིས་གཏམ་བཤད། མེའོ་ཧྭ་དང་ལིས་སུང་ཧྲན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝུའུ་ཡུས་ཏི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག