མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པར་རྗེས་དྲན་ཞུ་བའི་རིག་རྩལ་དགོང་ཚོགས་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-27 10:40

མཚོ་སྔོན་ཞིང་ཆེན་གྱིས་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པའི་རྗེས་དྲན་རིག་རྩལ་དགོང་ཚོགས་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས26ཉིན་གྱི་དགོང་མོར། མའོ་ཙེ་ཏུང་སྐུ་འཁུངས་ནས་ལོ་འཁོར120ལོན་པར་རྗེས་དྲན་ཞུས་ཆེད། རླབས་ཆེན་མི་སྣར་ཁུ་ནུས་བསྟོད་དབྱངས་འབུལ་བའི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར120ལོན་པར་རྗེས་དྲན་ཞུ་བའི་རིག་རྩལ་དགོང་ཚོགས་དེ་མཚོ་སྔོན་ཟློས་གར་ཁང་ནས་གཟབ་རྒྱས་ངང་ཚོགས།

    ཐེངས་འདིའི་རིག་རྩལ་དགོང་ཚོགས་དེ་མཚོ་སྔོན་ཞིང་ཆེན་ཧུའུ་ནན་ཚོང་ཚོགས་དང་མཚོ་སྔོན་ཞིང་ཆེན་ཁེ་ལས་ཡིད་རྟོན་མཐུན་ཚོགས། སྤྱི་བའི་ཚགས་པར་ཆེན་མོ་མཚོ་སྔོན་དོན་གཅོད་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པ་དང་། དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གསར་བ་འཛུགས་སྐྲུན་མཁན་ཀྲུའུ་ཞི་མའོ་ཙེ་ཏུང་ལ་བཅིངས་བའི་བརྩེ་སེམས་དང་གུས་བཀུར་མཚོན་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མའོ་ཙེ་ཏུང་གི་གསར་བརྗེའི་དགོངས་དོན་དར་སྤེལ་དུ་བཏང་སྟེ། མང་ཚོགས་ཀྱི་བསམ་བློའི་བྱང་ཚད་དང་དད་མོས་ཆུ་ཚད་མཐོར་འདེགས་སུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་གཞུང་ལུགས་དང་ཐབས་ལམ། ལམ་ལུགས་བཅས་ཀྱི་ཡིད་ཆེས་ཇེ་ཆེར་བཏང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་སྙིང་སྟོབས་ཆེས་བསྐྱེད་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ནུས་པ་ཕུལ་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མེས་རྒྱལ་དར་རྒྱས་དང་སྟོབས་འབྱོར་རྒྱས་པར་ནུས་པ་འབུལ་དགོས་པ་མཚོན་ཡོད།

    རྒྱུས་ལོན་པ་ལྟར་ན། དགོང་ཚོགས་སྟེང་པེ་ཅིན་དང་ཧུའུ་ནན། ཀོས་ཀྲོའུ་བཅས་ཀྱི་རྒྱལ་ཁབ་རིམ་པའི་མིང་གྲགས་ཅན་གྱི་སྒྱུ་རྩལ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་གླུ་བ་དང་འཁྲབ་སྟོན་པ་བཅས་ཞུགས་ཡོད་ལ། མཚོ་སྔོན་ཞིང་ཆེན་གླུ་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པ་བཅས་མི100ལྷག་གིས་འཁྲབ་སྟོན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་པ་མི1200ལྷག་གིས་འཁྲབ་སྟོན་ལ་བལྟས། །

ཧུའུ་ནན་ནས་ཡོང་བའི་མའོ་ཙེ་ཏུང་གི་ཆེད་གཉེར་འཁྲབ་སྟོན་པ་ཝང་ཅིན་ཧྲན་གྱིས་མའོ་ཙེ་ཏུང་གི་སྙན་ངག་གྱེར་འདོན་བྱེད་བཞིན་པ།

 

དགོང་ཚོགས་སྟེང་འཁྲབ་སྟོན་པས་འཁྲབ་སྟོན་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག