མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གྲོང་རྡལ་འགན་སྲུང་སྡོད་ཁང་ཁྲི28.22འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་དཀའ་ངལ་མང་ཚོགས་ཁྱིམ་ཚང་ཁྲི16ལ་ཕན་ཁེ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-27 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2009ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར274བཏང་ནས་ཤང་གྲོང་གི་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི28.22འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། གྲོང་རྡལ་གྱི་ཡོང་སྒོ་འབྲིང་དམའི་སྡོད་ཁང་དཀའ་ངལ་ཁྱིམ་ཚང་ཁྲི16གི་སྡོད་ཁང་ཆ་རྐྱེན་ལ་ལེགས་བཅོས་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར167བཏང་ནས་གྲོང་རྡལ་གྱི་གླ་རིན་དམའ་བའི་སྡོད་ཁང་དང་སྤྱི་བའི་གླ་གཏོང་སྡོད་ཁང་། རྒྱལ་དབང་བཟོ་གཏེར་ས་ཁུལ་སྤྱིལ་ཁྱིམ་ཁུལ། ནགས་ལས་སྤྱིལ་ཁྱིམ་ཁུལ། རྒྱལ་དབང་གསར་སྤོལ་ས་ཁུལ་བཅས་ཀྱི་འཛུགས་སྐྲུན་ཐད་བཀོལ་ཡོད། འགན་སྲུང་སྡོད་ཁང་གི་གཞི་ཁྱོན་ལོ་རེར་བཞིན་ཇེ་ཆེར་འགྲོ་བ་དང་བཟོ་སྐྲུན་མ་རྩ་མུ་མཐུད་དུ་ཇེ་མང་ལ་འགྲོ་བ། ས་གནས་ཆ་སྡེབ་མ་དངུལ་གནོན་ཤུགས་སྔར་བས་ཇེ་ཆེར་འགྲོ་བ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཞིང་ཆེན་ནོར་སྲིད་ཀྱིས་མུ་མཐུད་དུ་ས་གནས་སོ་སོར་ཁ་གསབ་བྱེད་ཤུགས་ཇེ་ཆེར་བཏང་།

2009ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར51.82བཏང་ནས་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་འཛུགས་སྐྲུན་བྱས། 2001ལོ་ནས་བཟུང་རུ་སྤོར་འབྲོག་དམངས་གཏན་སྡོད་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་མུས་གྲུ་བཞི་མ65ལས་བརྒལ་བ་དག་ལ་བྱ་དགའི་རང་བཞིན་གྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་། བྱ་དགའི་ཁ་གསབ་མ་དངུལ་དེ་ཞིང་ཆེན་ནོར་སྲིད་དང་། ཁུལ་དང་རྫོང་ནོར་སྲིད་གྱིས60%དང40%ཡི་ཚད་གཞི་ལྟར་ཁ་གསབ་བྱས། དུས་མཚུངས་སུ་རྩྭ་ཐང་གི“སྦྲ་གུར་གསར་བའི”བྱ་འགུལ་ལག་བསྟར་བྱེད་པར་རོགས་སྐྱོར་བྱས་ཏེ། གཏན་སྡོད་ཁང་བ་གསར་འཛུགས་དང་ཁང་རྙིང་བཤིག་པའི་འབྲོག་ཁྱིམ་ལ་ཁྱིམ་ཚང་རེར་སྒོར་ཁྲི1.2ཁ་གསབ་བྱས་པ་དང་། དེའི་ནང་ཞིང་ཆེན་ནོར་སྲིད་ཀྱིས་ཁྱིམ་ཚང་རེར་སྒོར་ཁྲི1གི་ཁ་གསབ་བྱས་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པསརུ་སྤོར་འབྲོག་དམངས་གཏན་སྡོད་ཁྱིམ་ཚང་ཁྲི11འཛུགས་སྐྲུན་བྱས་ཏེ་བོད་ཁུལ་གྱི་རུ་སྤོར་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག