མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ཐིན་ཁོངས་གཏོགས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་སློབ་གསོ་རོགས་སྐྱོར་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-27 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ཐིན་ཁོངས་གཏོགས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞི་ཁྲོན་བཙོན་ཁང་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་སློབ་གསོ་རོགས་སྐྱོར་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སངས་རྒྱས་སྐྱབས་དང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཆི་ཀྲུང་། ཧན་ཡུས་ཀོས། ཞིང་ཆེན་ལས་བྱེད་པ་རྒན་པ་ཅུའུ་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་ཁོངས་གཏོགས་ཀྱི་འབྲེལ་ཡོད་འགན་ཁུར་བ་ཞལ་འདེབས་འབུལ་བའི་བྱ་འགུལ་དུ་ཞུགས།

ཉིན་དེའི་ཞལ་འདེབས་འབུལ་བའི་བྱ་འགུལ་ཁྲོད་དུ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཁྲིམས་འཛིན་ཐིན་ཁོངས་གཏོགས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པས་ཞི་ཁྲོན་བཙོན་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་བཟོ་བ་རྣམས་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་སློབ་གསོ་གཏོང་རོགས་ཀྱི་ཁྲིམས་ཆད་འཁུར་བའི་མི་སྣར་འཚམས་འདྲི་བྱས་པ་མ་ཟད། ཞི་ཁྲོན་བཙོན་ཁང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། བཙོན་ཁང་ཚོད་འཛིན་བཀོད་འདོམ་ལྟེ་གནས། མི་དམངས་ཉེན་རྟོག་པའི་སྦྱོང་རྡར་ལྟེ་གནས། ཁྲིམས་ཆད་འཁུར་བའི་མི་སྣའི་སློབ་སྦྱོང་བྱེད་ས། ནག་ཉེས་སེམས་ཁམས་བདེ་ཐང་མཛུབ་སྟོན་ལྟེ་གནས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞི་ཁྲོན་བཙོན་ཁང་ལ་རིན་ཐང་སྒོར་མོ་ཕལ་ཆེར་ཁྲི་གཅིག་ལྷག་གི་ལྒང་ལི་དང་རྐང་རྩེད་སྤོ་ལོ་དང་། ལུས་རྩལ་སྦྱོང་རྡར་དཔྱད་ཆས་སོགས་ཞལ་འདེབས་སུ་ཕུལ་བ་དང་། བོད་རྒྱ་ཡིག་རིགས་ཀྱི་རོང་འབྲོག་ཕྱོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་དྲིལ་སྒྲོག་དཔེ་དེབ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རྒྱུན་མཁོའི་བཅའ་ཁྲིམས་ཤེས་བྱ་སོགས་དཔེ་དེབ་སྣ་ཚོགས་སྟོང་གཅིག་དང་ཉིས་བརྒྱ་ལྷག་བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག