མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཐེ་ཝན་སྤུན་ཟླའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་ནས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཐེ་ཝན་སྤུན་ཟླའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་ནས་ཚོགས་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་ཐེ་ཝན་སྤུན་ཟླ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲིན་ཅེ་གཉིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་དུ་རབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་ཁྲིད་བདམས་ཐོན་བྱུང་ཞིང་། ཀྲུའུ་ཐེ་ཆིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་བར་བདམས་པ་དང་། ཡང་ཞོ་ཆིན་དང་ཞོ་ཧེ་ཧྥེང་གཉིས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས། མིན་ཧེ་ཧྥིན་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ལ་བསྐོ་བཞག་བྱས།

བསྟན་ཁོས་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཐེ་ཝན་སྤུན་ཟླ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་དམ་པོར་སྦྲེལ་ནས། རིམ་གྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། ཞི་བདེ་ངང་སྲིད་འབྱོར་རིག་གསུམ་འཕེལ་བར་རྨང་གཞི་བརྟན་པོ་འདིངས་དགོས་ན། ཁྱད་ཆོས་ཡོད་ལ་ཕན་འབྲས་ཆེ་བའི་ལས་གཞི་སྒྲུབ་པར་འབྲེལ་འདྲིས་བྱས་ནས། ཧུར་བརྩོན་ཆེན་པོས་མཚོ་སྔོན་ཞིང་ཆེན་གྱི་ཐེ་ཝན་ལས་དོན་ལ་གྲུབ་འབྲས་གསར་བ་བསྐྲུན་དགོས་པ་མ་ཟད། མཚོ་སྔོན་གྱི་ཐེ་ཝན་མཐུན་ཚོགས་ཀྱིས་བར་མ་ཆད་པར་ཐེ་ཝན་ལས་དོན་སྒྲུབ་པའིཤུགས་རྐྱེན་ཇེ་ཆེར་བཏང་སྟེ། ཐེ་ཝན་སྤུན་ཟླའི་ཡིད་སེམས་ཅིག་ཅར་དུ་འགུག་དགོས། མཉམ་འབྲེལ་དང་ཞབས་ཞུ། མཐུན་སྒྲིལ་བཅས་དམ་པོར་བཟུང་ནས། ཞེ་སེམས་གཙང་མས་ཐེ་ཝན་སྤུན་ཟླའི་གཉེན་ཉེ་འབྲེལ་བར་གནས་པའི་དཀའ་ངལ་སེལ་བར་འབད་དེ། རིམ་གྱིས་ཐེ་ཝན་སྤུན་ཟླར་ཉེ་དུའི་འདུ་ཤེས་བརྟན་པོ་ཆགས་པར་ཤུགས་སྣོན་བྱེད་དགོས། རབས་གསར་བའི་མགོ་ཁྲིད་རྣམས་ཀྱིས་རང་སྟེང་གི་མི་འདང་སར་ཁ་གསབ་དང་བྱ་བ་སྒྲུབ་སྟངས་ལ་བཅོས་བསྒྱུར། རང་སྟེང་གི་བྱེད་ནུས་རྩལ་དུ་འདོན་པ་བཅས་བྱས་ནས། མཚོ་སྔོན་ཞིང་ཆེན་དང་ཐེ་ཝན་གཉིས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ཡོང་བར་ཧུར་བརྩོན་ཆེན་པོས་ཞབས་འདེགས་ཞུ་དགོས་ཟེར།

ཁྲིན་ཅེ་ཡིས་བཤད་རྒྱུར། ཐེ་ཝན་སྤུན་ཟླ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་དུ་གོ་གནས་འགངས་ཆེན་ཟིན་ཡོད་པས། རབས་གསར་བའི་མཐུན་ཚོགས་རྩ་འཛུགས་ཀྱིས་རང་འགུལ་སྒོས་མེས་རྒྱལ་འཆམ་མཐུན་གཅིག་གྱུར་ཡོང་བའི་ལས་དོན་ལ་བྱས་རྗེས་འཇོག་དགོས་ཞེས་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག