མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཞིབ་བཤེར་དཔྱད་ཞིབ་བྱ་བ་ཉེ་ལམ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཞིབ་བཤེར་དཔྱད་ཞིབ་བྱ་བ་ཉེ་ལམ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། ཞིབ་བཤེར་དཔྱད་ཞིབ་ཚན་ཆུང་སོ་སོས་ཉེ་ལམ་ཞིང་ཆེན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་རེ་བ་ལྟར། བརྒྱུད་རིམ་དང་བཀོད་སྒྲིག་ལྟར་ས་ཁུལ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་བྱ་བར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས།

ད་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཞིབ་བཤེར་དཔྱད་ཞིབ་བྱ་བ་དེ་སྔ་ནུར་སྒོས་ཁེར་རྐྱང་དུ་སྤེལ་བ་དང་། 2013ལོའི་སྤྱི་ཟླ12པའི་ཟླ་དཀྱིལ་ནས་མགོ་བརྩམས་ཏེ2014ལོའི་སྤྱི་ཟླ1པོའི་ཟླ་མཇུག་བར་དུ་སྤེལ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་བཅས་ཀྱིས་དངོས་སུ་སྣེ་ཁྲིད་དེ་ས་ཁུལ་དང་སྡེ་ཁག ལས་ཁུངས་སོ་སོར་སོང་ནས་ཁུལ་དང་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ལག་བསྟར་དང་སྤྱོད་གཙང་རང་གཅུན་ཆོད་དོན་ལག་བསྟར་བྱས་པའི་གནས་ཚུལ། ད་ལོའི་རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་ཆད་གཅོད་པའི་མ་ལག་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག