མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གྲོང་གསེབ་ཀྱི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་དོ་དམ་ཅུའུ། ཞིང་ཆེན་རྒྱུ་སྤུས་ལྟ་ཞིབ་ཅུའུ། ཞིང་ཆེན་སྤྱི་བདེ་འཇགས་མེ་གསོད་ཉེན་སེལ་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ལྟ་ཞིབ་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་ཀྲུང་གོ་རྡོ་སྣུམ་སོལ་རླངས་ཀུང་ཟི་སོགས་སྲིད་གཞུང་སྡེ་ཁག་དང་སོལ་རླངས་ཚོང་གཉེར་ཁེ་ལས་སོགས་ཞུགས་པའི་མཁར་གྲོང་གི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ནས། སོལ་རླངས་བཀོལ་བའི་བདེ་འཇགས་ཐད་ལ་རེ་བ་བཏོན།

གྲོས་ཚོགས་ནས་རིམ་པ་སོ་སོའི་སྲིད་གཞུང་དང་སོལ་རླངས་བདག་གཉེར་དོ་དམ་སྡེ་ཁག་དང་དེའི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ནན་ཏན་སྒོས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་བསླབ་བྱ་དང་དུ་བླངས་ནས། མུ་མཐུད་དུ་སོལ་རླངས་འདྲེན་པའི་སྦུ་གུ་དང་། མཁར་གྲོང་གི་སྦུག་ལམ་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་དག་ཐེར་བྱ་བ་ནན་ཏན་སྒོས་སྤེལ་དགོས་པ་དང་། འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གྲོང་ཁྱེར་གྱི་སོལ་རླངས་འདྲེན་པའི་སྦུག་ལམ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། སྦུག་ལམ་དོ་དམ་ཐོན་དབང་དང་འཁོར་སྤྱོད་དོ་དམ་ལས་ཁུངས་ཀྱིས་སྦུག་ལམ་དྲ་རྒྱར་སྐོར་སྐྱོད་ཞིབ་བཤེར་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཉེན་ཁའི་དོན་དག་ལ་ཐུག་ན་མྱུར་དུ་དག་ཐེར་བཅོས་སྐྱོང་བྱེད་དགོས་པ་དང་། དོན་དག་ཚབས་ཆེན་བྱུང་ན་མྱུར་དུ་འབྲེལ་ཡོད་ལས་ཁུངས་དང་སྲིད་གཞུང་གཙོ་གཉེར་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་མ་ཟད་བྱེད་ཐབས་དངོས་སྤྱད་དེ་ཐག་གཅོད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག