མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་དང་དྲོད་ལེན་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཁབ་ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་ལྟར། ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞིའི་དངུལ་གྲངས་ནི།སློབ་ཆུང་གི་སློབ་མ་མི་རེར་ལོ་རེར་སྒོར500དང་།དམའ་འབྲིང་གི་སློབ་མ་མི་རེར་ལོ་རེར་སྒོར700ཡི་རྨང་གཞི་ནས་སྒོར60ཇེ་མང་དུ་བཏང་སྟེ། སློབ་ཆུང་གི་སློབ་མ་མི་རེར་ལོ་རེར་སྒོར560དང་།དམའ་འབྲིང་གི་སློབ་མ་མི་རེར་ལོ་རེར་སྒོར760ལ་བསླེབས།དུས་མཉམ་དུ། མཚོ་སྔོན་སོགས་བྱང་རྒྱུད་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་དགུན་ཁའི་དྲོད་ལེན་དགོས་མཁོར་ཁག་ཐེག་བྱ་ཆེད།2013ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་དྲོད་ལེན་ཁ་གསབ་ཚད་གཞི།ལོ་རེར་མི་རེར་སྒོར100ནས་ལོ་རེར་མི་རེར་སྒོར135རུ་ཇེ་མཐོར་བཏང་།ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡི་བླང་བྱ་ལྟར་ན།སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞིའི་དངུལ་གྲངས་དང་ཚད་གཞི་ཇེ་མཐོར་གཏོང་བའི་མ་དངུལ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་ད་ལོར་ཐོག་མར་དངོས་འབེབས་བྱས་པ་དང་།དཀའ་ངལ་ཡོད་པའི་ཞིང་ཆེན་གྱིས2014ལོར་དངོས་འབེབས་བྱ་དགོས།ས་གནས་ནོར་སྲིད་ཀྱིས་ཁུར་དགོས་པའི་དྲོད་ལེན་གྲོན་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བའི་མ་དངུལ་ད་ལོར་དངོས་འབེབས་བྱ་དགོས།

    ཞིང་ཆེན་ནོར་སྲིད་ཐིན་དང་གྲོས་མོལ་བྱས་པ་བརྒྱུད།རང་ཞིང་གིས་ད་ལོ་ནས་བཟུང་ཀྲུང་དབྱང་གི་ཚད་གཞི་ཇེ་མཐོར་གཏོང་བའི་ཆོད་དོན་དངོས་འབེབས་བྱ་དགོས།ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་ཚད་གཞིའི་དངུལ་གྲངས་ཇེ་མང་དུ་བཏང་རྗེས།ཟི་ལིང་དང་མཚོ་ཤར།མཚོ་ནུབ།མཚོ་བྱང་བཅས་གྲོང་ཁྱེར(ཁུལ)བཞིའི་སློབ་ཆུང་གི་སློབ་མ་རེར་ལོ་རེར་སྒོར560དང་དམའ་འབྲིང་གི་སློབ་མ་རེར་ལོ་རེར་སྒོར760།རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ།མཚོ་ལྷོ་བཅས་ཁུལ་བཞིའི་སློབ་ཆུང་གི་སློབ་མ་རེར་ལོ་རེར་སྒོར760དང་དམའ་འབྲིང་གི་སློབ་མ་རེར་ལོ་རེར་སྒོར960བྱིན་པ་དང་། དྲོད་ལེན་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་ནི་ད་ཡོད་ཀྱི་སློབ་མ་རེར་ལོ་རེར་སྒོར100བྱིན་པའི་རྨང་གཞིའི་ཐོག་སྒོར35ཇེ་མང་དུ་བཏང་།ཚད་གཞི་ཇེ་མཐོར་བཏང་རྗེས།ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་དང་མཚོ་སྐོར་ས་ཁུལ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་བཅས་ཀྱི་སློབ་མ་རེར་ལོ་རེའི་ཁ་གསབ་ཚད་གཞི་ནི་སོ་སོར་སྒོར115དང་སྒོར145།སྒོར195བཅས་ཡིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག