མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར170ཡིས་མང་ཚོགས་ཁང་པའི་ནང་འདུག་པར་ཕན་ཐོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཉེ་ལམ་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་ཤེས་གསལ་ལྟར་ན། མིག་སྔར། ཞིང་ཆེན་ཡོངས་ཀྱི་ལས་བཟོ་པ་ཁྲི39ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་བཞིན་ཡོད། སྤྱི་གསོག་མ་དངུལ་བསགས་པའི་བསྡོམས་འབོར་སྒོར་དུང་ཕྱུར318.6ལ་བསླེབས་པ་དང་། གསོག་དངུལ་གྱི་ལྷག་འབོར་སྒོར་དུང་ཕྱུར188ཡོད་པ་རེད། རིམ་རྩིས་བྱས་ན་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར130བླངས་པ་དང་། མི་སྒེར་ལ་སྤྱི་གསོག་མ་དངུལ་ལས་སྒོར་དུང་ཕྱུར170ཡི་དངུལ་བུན་གཏོང་སྤྲོད་བྱས་ཤིང་། མི་སྒེར་གྱིས་སྡོད་ཁང་ཉོ་བའི་སྤྱི་གསོག་མ་དངུལ་ནང་ནས་དངུལ་བུན་བཏང་བའི་ལྷག་འབོར་སྒོར་དུང་ཕྱུར72རེད།

    ད་ལོའི་ཚུན་དུ། རང་ཞིང་གིས་གོམ་གང་མདུན་སྤོས་སྒོས་སྡོད་ཁང་སྤྱི་གསོག་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ས་གནས་སོ་སོས་དུས་ཐོག་ཏུ་སྤྱི་གསོག་མ་དངུལ་སྤྲད་པའི་གཞི་གྲངས་དང་བསྡུར་ཚད་ལ་ཞིབ་བཤེར་དང་ལེགས་སྒྲིག་བྱས་པས། གཞི་གྲངས་དང་བསྡུར་ཚད་ལས་བརྒལ་ཏེ་སྤྱི་གསོག་མ་དངུལ་སྤྲོད་པའི་བྱ་སྤྱོད་གཏན་འགོག་བྱས། སྡོད་ཁང་སྤྱི་གསོག་མ་དངུལ་སྦྲག་ཐོག་ནས་སྤྲོད་པ་དང་ལེན་པ། མངག་བཅོལ་དངུལ་བུན་ལེན་པ་སོགས་ཉིན་རེའི་རྩིས་ཐོ་ཐག་གཅོད་དང་རྩིས་བཤེར་བྱ་བ་ནན་ཏན་གྱིས་སྒྲུབ་ཆེད། མ་དངུལ་འབོར་ཆེན་གཏོང་ལེན་དང་བཀོལ་སྤྱོད་བྱེད་སྐབས། རིམ་པ་བཞིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་ལག་བསྟར་བྱས་པས། བསྡུ་ཐབས་མེད་པའི་བུ་ལོན་དང་མ་དངུལ་གཞན་སྤྱོད་བྱེད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་གཏན་འགོག་བྱས།དུས་མཚུངས་སུ། རང་ཞིང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་ཐད་སྲིད་གཙང་ཉེན་ཁ་ཚོད་འཛིན་ནན་མོ་བྱས་ཏེ། ཉེན་ཁ་ཚོད་འཛིན་བྱེད་ཐབས230གཏན་འབེབས་བྱས་པ་དང་འཐུས་ཚང་དུ་བཏང་བས། བྱ་བའི་ཡུན་ཕན་ནང་རྐྱེན་འཛུགས་པར་སྐུལ་འདེད་བཏང་།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག