མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་ཨམ་སྐད་སྒྱུར་སྐྲུན་ལྟེ་གནས་འཛུགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2013-12-25 11:32

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།རང་ཞིང་བོད་ཁུལ་གྱི་ཨ་མདོའི་སྐད་ཁོངས་ཀྱི་རྒྱང་བསྒྲགས་དང་གློག་བརྙན་འཕྲིན་སྒྱུར་སྐྲུན་ལས་དོན་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱ་ཆེད།ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཉེ་ཆར་དུས་ཐོག་ཏུ་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་ཨམ་སྐད་སྒྱུར་སྐྲུན་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་ཐོག་མའི་ཇུས་འགོད་ལ་ཞིབ་བཤེར་བྱས་ནས་འཐད་པ་བྱུང་།

    ལས་གཞི་འདི་ཟི་ལིང་གྲོང་ཁྱེར་ཁུ་ནུ་ལམ་གྱི་ཞིང་ཆེན་རྒྱང་བསྒྲགས་དང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ར་སྐོར་ནང་དུ་གནས་པ་དང་།ལས་གཞིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ5972ཡོད་པ་དང་།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ9996ཡོད་ཅིང་།བཟོ་འགོད་ཐད་རགས་རྩིས་བྱས་ན་སྤྱིའི་མ་དངུལ་སྒོར་ཁྲི10363གཏོང་དགོས། འཛུགས་སྐྲུན་གྱི་རྣམ་པར་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་དང་བོད་ཀྱི་བཟོ་བཀོད་འདྲེས་འདུག འཛུགས་སྐྲུན་གྱི་ནུས་པ་གཙོ་བོར་ཨ་མ་སྐད་ཀྱི་རྒྱང་བསྒྲགས་མ་ཡིག་སྒྱུར་སྐྲུན་ཁང་དང་། གློག་བརྙན་འཕྲིན་གྱི་མ་ཡིག་སྒྱུར་སྐྲུན་ཁང་། སྒྲ་ཕབ་ཁང་། ནུས་མང་སྒྲ་ཕབ་ཁང་། གློག་བརྙན་སྒྲ་ལད་སྒྲ་ཕབ་ཁང་། སྨྱན་བྱེད་སྐོར་གྱི་ཡིག་ཆས་གསོག་ཉར་འཕྲུལ་འཁོར་ཁང་། མཛོད་ཁང་སོགས་དང་། དེ་མིན་རྒྱང་བསྒྲགས་དང་གློག་བརྙན་འཕྲིན་སྒྱུར་སྐྲུན་གྱི་སྒྲིག་ཆས་དང་ཆ་སྡེབ་ཁང་པ་བཅས་ནང་དུ་འདུས་ཡོད།ལས་གཞི་འདིས་རང་ཞིང་བོད་ཁུལ་གྱི་ཨམ་སྐད་ཀྱི་རྒྱང་བསྒྲགས་དང་གློག་བརྙན་འཕྲིན་སྒྱུར་སྐྲུན་ལས་དོན་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག