མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་བྱིས་པ70ལ་སྤྱི་ཕན་རོགས་དངུལ་སློབ་ཞུགས་སྔོན་གྱི་སློབ་རོགས་ལས་གཞི་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-25 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་མི་སྣའི་ལས་དོན་གྱི་ཆེད་དམིགས་རྒྱན་ཤོག་སྤྱི་ཕན་སློབ་རོགས་ལས་གཞིའི་མ་དངུལ་བེད་སྤྱད་དེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་གྱ་དབུལ་ཕོངས་དབང་བོ་སྐྱོན་ཅན་བྱིས་པ70ལ་མི་རེར་སྒོར3000གི་རོགས་སྐྱོར་བྱས་ཏེ། ཁོ་ཚོས་བདེ་བླག་ངང་སློབ་ཞུགས་སྔོན་གྱི་སློབ་གསོ་མྱོང་ཐུབ་པར་ཁག་ཐེག་བྱས།

ལས་གཞི་ལག་བསྟར་གོ་རིམ་ཁྲོད། མ་དངུལ་དེ་ཆེད་དམིགས་ཀྱིས་བེད་སྤྱོད་པར་ཁག་ཐེག་བྱེད་པ་དང་། ལས་གཞི་འདིའི་མ་དངུལ་གྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་སློབ་རོགས་ཀྱི་བྱེད་ནུས་མངོན་པར་འདོན་ཆེད། རིམ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱེད་ཡུལ་སློབ་མའི་འགྲོ་གྲོན་སྣ་ཚོགས་དག་སློབ་ཞུགས་སྔོན་གྱི་སློབ་གསོའི་ལས་ཁུངས་ཀྱིས་སློབ་སྐབས་རེའི་སློབ་མགོ་ཚུགས་དུས་ཐོ་འགོད་བྱེད་སྐབས། གཏན་འཁེལ་བྱས་པའི་རྣམ་གྲངས་སྤྱི་བསྒྲགས་བྱས་ཡོད་པ་ལྟར། རོགས་སྐྱོར་བྱེད་ཡུལ་སློབ་མའི་ཁྱིམ་བདག་དང་འཛིན་བདག་དགེ་རྒན་གྱིས་མིང་ཐོ་བཀོད་དེ་གཏན་འཁེལ་བྱས་རྗེས་སློབ་གྲྭའི་ཆེད་དམིགས་ཀྱི་རྒྱན་ཤོག་སྤྱི་ཕན་སློབ་རོགས་ལས་གཞིའི་རྩིས་ཐོ་སྟེང་ནས་ཐད་ཀར་དུ་འགྲོ་གྲོན་རྩིས་ཐོ་སྟེང་རྩིས་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། ལས་གཞིའི་མ་དངུལ་འདི་གཙོ་བོ་སློབ་མའི་སློབ་རིན་དང་ཟས་རིན། སློབ་སྦྱོང་མཁོ་ཆས་སོགས་ཀྱི་འགྲོ་གྲོན་ཐད་བཀོལ་བས་དངོས་གནས་དབང་བོ་སྐྱོན་ཅན་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཧྲིལ་བོའི་ཚོགས་འདུའི་སྟེང་དབུལ་ཕོངས་དབང་བོ་སྐྱོན་ཅན་བྱིས་པ70ལ་རོགས་སྐྱོར་བྱས་པ་དང་། ལོ་ལྔའི་རིང་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་དབང་བོ་སྐྱོན་ཅན་བྱིས་པ350ལ་ལས་གཞི་འདི་ལས་ཕན་ཁེ་ཐོབ་ཡོད།

སྤྱི་ཕན་མ་དངུལ་གྱི་སློབ་ཞུགས་སྔོན་གྱི་སློབ་རོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་བྱིས་པར་ཐུགས་ཁུར་དང་དབང་བོ་སྐྱོན་ཅན་མི་སྣའི་སློབ་གསོའི་ལས་དོན་ལ་རོགས་སྐྱོར་བྱས་པ་མངོན་པར་མཚོན་ཡོད་ལ། དབང་བོ་སྐྱོན་ཅན་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་ནས་སློབ་གསོའི་ཁེ་ཕན་ལ་ཁག་ཐེག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག