མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་དུ་ཞུགས་པའི་ལས་ཁུངས་སོ་སོས་འཚོ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པ་ལྟར། སྤྱི་ཟླ10བའི་ཟླ་སྨད་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་དུ་ཞུགས་པའི་སྡེ་ཁག་དང་ལས་ཁུངས་སོ་སོའི་ཏང་ཀྲི་པུའུ་ཡིས་ཏང་གི་སྔོན་ཐོན་རང་བཞིན་སྲུང་འཛིན་བྱེད་པར་དམ་དུ་དམིགས་ནས། “རང་སྐྱོན་ངོས་ལེན་དང་། ཀུན་སྤྱོད་གཙང་མ། རང་སྐྱོན་རང་སེལ། སྐྱོན་ཆ་ཡོ་བསྲང་བཅས་ཀྱི”སྤྱིའི་རེ་བ་ལྟར། དམངས་དོན་དངོས་གཉེར་དང་སྤྱོད་གཙང་བརྗོད་བྱ་གཙོ་བོར་བྱས་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་བཅས་སྤྱོད་ངན་བཞིའི་ཐད་ཀྱི་གནད་དོན་ལ་ངོ་རྒོལ་བྱེད་པ་དང་། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་གནད་སར་བརྩི་བ། གཟབ་ནན་དང་དངོས་ཐོག་བདེན་འཚོལ། དམངས་གཙོ་མཐུན་སྒྲིལ་བཅས་རྒྱུན་འཁྱོངས་བྱས་ནས། ནན་ཏན་སྒོས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་བཅས་སྤྱོད་ངན་བཞིའི་ཐད་ཀྱི་གནད་དོན་ཐག་བཅད་དེ། སྤུས་ཚད་མཐོ་བའི་སྒོ་ནས་འཚོ་བའི་ཚོགས་འདུ་བཟང་བོར་བསྡུས།

མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་དུ་ཞུགས་པའི་སྡེ་ཁག་དང་ལས་ཁུངས་ཙང་མས་འཚོ་བའི་ཚོགས་འདུ་བསྡུས་ནས། སྤྱོད་སྟངས་ལེགས་བསྒྱུར་བྱེད་པ་དང་། ནུས་པ་ཇེ་མཐོར་གཏོང་བ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐད་ལ་འབད་པའི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་ཞོར་དང་ཞིབ་བཤེར་བྱེད་ཞོར། ལེགས་བསྒྱུར་བྱེད་ཞོར་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་ཐད་ལ་ཕན་འབྲས་ལེན་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ལས་ཁུངས་སོ་སོའི་ཏང་ཀྲི་པུའུ་ཡི་ཁོངས་མིས་གཅིག་གྱུར་གྱིས་བལྟས་ན། རྩ་འཚོ་བའི་ཚོགས་འདུ་བསྡུས་རྗེས། ཏང་ཡོན་ཡོངས་ལ་འཇིག་རྟེན་ལྟ་བ་དང་། མི་ཚེ་ལྟ་བ། རིན་ཐང་ལྟ་བ། ཏང་གཤིས་བློ་སྦྱོང་། ཕུགས་བསམ། ཡིད་ཆེས་སོགས་ཀྱི་ཐད་ནས་གོ་རྟོགས་ཟབ་མོ་ཐེབས་སོང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག