སྤྱི་ཟླ12པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོན་ཆུ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གི་སློབ་མ་དག་རྩེད་འཇོར་རོལ་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤང་གྲོང་ས་ཁུལ་བར་གྱི་སློབ་གསོའི་ཐོན་ཁུངས་ཆ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་མཚོ་སྔོན་རོང་འབྲོག་ཁུལ་གྱི་སློབ་གསོའི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། 2009ལོ་ནས2013ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར87.01(ས་གནས་ཆ་སྡེབ་མ་དངུལ་འདུས་མེད)བཏང་ནས་སློབ་གྲྭ2031འཛུགས་སྐྲུན་བྱས་པ་དང་། སློབ་གྲྭ་ཆུང་འབྲིང་གི་བདེ་འཇགས་བཟོ་འགོད་དང་སློབ་ཞུགས་སྔོན་གྱི་སློབ་གསོ། དགེ་རྒན་གྱི་འཁོར་རྒྱུག་མལ་ཁང་། དམའ་འབྲིང་སློབ་མའི་མལ་ཁང་ལེགས་བཅོས་བཟོ་འགོད། དམིགས་བསལ་སློབ་གསོ་དང་མི་རིགས་ས་ཁུལ་གྱི་སློབ་གསོ་ཞན་པའི་རྫོང་མཐོ་འབྲིང་། སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན་དང་འོས་འགན་སློབ་གསོ་ནུས་ཤུགས་ཞན་པའི་སློབ་གྲྭ་ལེགས་བཅོས་སོགས་ཀྱི་སློབ་གསོའི་ལས་གཞི་ལག་བསྟར་བྱས། །
སྤྱི་ཟླ12པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོན་ཆུ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གི་སློབ་མས་ལུས་རྩལ་སྦྱོར་བརྡར་བྱེད་བཞིན་པ།
སྤྱི་ཟླ12པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོན་ཆུ་གྲོང་རྡལ་བཅའ་སྡོད་སློབ་ཆུང་གི་སློབ་མས་སློབ་ཚན་གྱེར་འདོན་བྱེད་བཞིན་པ།