མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བསྡོམས་རྩིས་ལས་མངོན་པ་ལྟར་ན་ཞིང་བ་མི་ཁྲི8ལྷག་གིས་མཚོ་སྔོན་གྱི་འགྲིམ་འགྲུལ་བཟོ་འགོད་ནང་ལས་ཞུགས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-25 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྡེ་ཁག་གིས་ཧུར་བརྩོན་གྱིས་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་གི་རྣམ་པར་ཟུང་སྦྲེལ་བྱས་ཏེ། འགྲིམ་འགྲུལ་འཛུགས་སྐྲུན་གོ་རིམ་ཁྲོད། ཤུགས་ཆེན་པོས་གྲོང་ཁྱེར་དུ་ཡོང་བའི་ཞིང་བ་ཞོར་ལས་པའི་དཔུང་སྡེ་བཀོལ་དགོས་པའི་གཏན་འཁེལ་གསལ་བོ་བྱས་ཤིང་། ཧུར་བརྩོན་གྱིས་སྔར་ལས་མང་བའི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལྷག་མ་དག་ཐག་ཉེ་སའི་གཞུང་ལམ་འཛུགས་སྐྲུན་ཁྲོད་ལས་ཞུགས་བྱེད་དུ་བཅུག་ནས་ཡོང་སྒོ་ཇེ་མང་དུ་བཏང་།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ནང་མཚོ་སྔོན་གྱི་ཞིང་བ་ཞོར་ལས་པ་མི81590ཡོད་པ་དང་། གཞུང་ལམ་འཛུགས་སྐྲུན་ཡུལ་དངོས་སོ་སོ་ནས་ལས་ཀ་དང་རྒྱུ་ཆ་འཚོལ་བསྡུ། ལས་སྣོན། སྐྱེལ་འདྲེན་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད། ཚོད་རྩིས་བྱས་པ་ལྟར་ན། སྤྱི་ཟླ5བ་ནས་སྤྱི་ཟླ9བའི་བར་ནི་ལས་བཟོ་བ་བཀོལ་བ་ཆེས་མང་བའི་དུས་ཡིན་ལ། ཞིང་བ་ཞོར་ལས་པ་མི་ཁྲི་བརྒྱད་ལྷག་གིས་བསྡོམས་པས་གླ་ཕོགས་སྒོར་དུང་ཕྱུར18ལྷག་བསྐྲུན་ཡོད། །

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག