མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས2014ལོའི་སློབ་ཡོན་སྟེར་མི་དགོས་པའི་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མར་ལས་གནས་བཞི་བརྒྱ་ལྷག་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-25 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས2014ལོའི་སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་ཐོན་སློབ་ཆེན་དྲུག་གི་མཚོ་སྔོན་གྱི་སློབ་ཡོན་སྟེར་མི་དགོས་པའི་དགེ་ཐོན་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཉིས་བརྒྱ་དང་ཞེ་གཅིག་ལ་བྱ་བའི་ལས་གནས་བཞི་བརྒྱ་ལྷག་བཀོད་སྒྲིག་བྱས་པ་དང་། སང་ལོར་མཐར་ཕྱིན་སློབ་མ་འདི་དག་སོ་སོར་ཟི་ལིང་དང་མཚོ་ཤར་སོགས་ཀྱི་སློབ་འབྲིང་དང་སློབ་ཆུང་དུ་དགེ་རྒན་བྱེད་དུ་འགྲོ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སློབ་མ་དོ་དམ་ལྟེ་གནས་ཀྱི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2014ལོའི་སློབ་གསོ་པུའུ་ཡི་ཁོངས་གཏོགས་པེ་ཅིན་དགེ་ཐོན་སློབ་ཆེན་དང་ཧྲན་ཞི་དགེ་ཐོན་སློབ་ཆེན། ཤར་བྱང་དགེ་ཐོན་སློབ་ཆེན། ཧྭ་ཀྲུང་དགེ་ཐོན་སློབ་ཆེན། ཧྭ་ཏུང་དགེ་ཐོན་སློབ་ཆེན་དང་ལྷོ་ནུབ་དགེ་ཐོན་སློབ་ཆེན་བཅས་སློབ་ཆེན་དྲུག་གི་སློབ་ཡོན་སྟེར་མི་དགོས་པའི་དགེ་ཐོན་སློབ་མའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཉིས་བརྒྱ་ཞེ་གཅིག་ཏུ་བསླེབ་པ་དང་། དེ་མཚོ་སྔོན་ཞིང་ཆེན་གྱི2011ལོའི་སྐབས་དང་པོའི་སློབ་ཡོན་སྟེར་མི་དགོས་པའི་མཐར་ཕྱིན་དགེ་ཐོན་སློབ་མ་ལས་མི་ཞེ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད། མཚོ་སྔོན་ཞིང་ཆེན་སློབ་མ་དོ་དམ་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཡར་ཞུ་ལས་བསྡོམས་རྩིས་བྱས་པ་ལྟར་ན། ས་གནས་སོ་སོས་བསྡོམས་པས་བྱ་བའི་ལས་གནས་བཞི་བརྒྱ་ལྷག་བཀོད་སྒྲིག་བྱས་ཡོད། མིག་སྔར། ཆ་འཕྲིན་ཁག་འདི་ཞིང་ཆེན་སྒྲིག་ལུགས་གཞུང་སྒྲུབ་ཁང་དུ་ཡར་ཞུ་བྱས་པ་དང་། ཞིང་ཆེན་སྒྲིག་ལུགས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་དང་སློབ་ཆུང་དགེ་རྒན་གྱི་ལས་གནས་སྟོང་བ་དང་དགོས་མཁོ་སོགས་ཀྱི་གནས་ཚུལ་གཞིར་བཟུང་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས། སང་ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་མཚོ་སྔོན་མཐར་ཕྱིན་སློབ་མའི་ལས་ཞུགས་ཆ་འཕྲིན་དྲ་རྒྱའི་སྟེང་ཞིབ་བཤེར་གཏན་འབེབས་བྱས་པའི་ལས་གནས་ཀྱི་གྲངས་ཀ་ཞིབ་མོ་ཕྱིར་སྒྲོག་རྒྱུ་ཡིན་པ་དང་། ཟླ་དང་པོའི་ཚེས་ཉེར་བཞི་ཉིན་མཚོ་སྔོན་ཞའོ་ཏའོ་རྟེན་གཞི་ནས2014ལོའི་སློབ་ཡོན་སྟེར་མི་དགོས་པའི་དགེ་ཐོན་སློབ་མའི་མཁོ་སྤྲོད་ངོ་འཕྲད་གྲོས་མོལ་ཚོགས་འདུ་བསྡུ་རྒྱུའི་འཆར་གཞི་གཏན་འབེབས་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག