མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དྲ་ཐོག་རྩོམ་བསྡུ་བྱ་འགུལ་ནང་བྱ་དགའ་ཐོབ་པའི་སྤྱི་བསྒྲགས།

    2013-12-24 15:13

    “དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས”དྲ་ཐོག་རྩོམ་བསྡུ་བྱ་འགུལ་ནང་བྱ་དགའ་ཐོབ་པའི་སྤྱི་བསྒྲགས།

    མཚོ་སྔོན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་དྲ་འབྲེལ་བརྡ་འཕྲིན་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་དྲ་ཐོག་བྱ་དགའ་ཡོད་པའི་རྩོམ་བསྡུ་བྱ་འགུལ་སྤེལ་བ་ནས་བཟུང་། འབྲེལ་ཡོད་དྲ་ཚིགས་ཀྱིས་དུས་ཐོག་ཏུ་ཆེད་སྒྲིག་ལེ་ཚན་སྤེལ་ཏེ།བརྩམས་ཆོས་སྣ་ཚོགས་ལ་རྩོམ་སྒྲིག་བྱས་པ་དང་། རྒྱ་ཆེའི་དྲ་འཇུག་མཁན་གྱིས་སྤྲོ་སྣང་ཆེན་པོས་བརྩམས་ཆོས་སྣ་ཚོགས་བསྐུར་བས། ཟླ11པའི་ཚེས30ཉིན་བར་བརྩམས་ཆོས2000ལྷག་འབྱོར། བརྩམས་ཆོས་འདེམས་བཤེར་གོ་རིམ་ནང་།རྩོམ་བཤེར་ཚོགས་པས་འདྲ་མཉམ་དང་དྲ་བདེན་གྱི་རྩོམ་འདེམས་རྩ་འཛིན་ལྟར། རགས་འདེམས་དང་ཐོག་འདེམས་དང་མཐའ་འདེམས་བཅས་གོ་རིམ་ནང་།གཟབ་ནན་དང་ཞིབ་ཚགས་ཀྱི་འདེམས་བཤེར་བརྒྱུད་དེ། བྱ་དགའ་ཡོད་པའི་བརྩམས་ཆོས71དང་། ཆེས་ཕུལ་བྱུང་རྩ་འཛུགས་བྱ་དགའ4དང་། ཕུལ་བྱུང་རྩ་འཛུགས་བྱ་དགའ2བཅས་འདེམས་ཐོན་བྱུང་།བྱ་དགའ་ཐོབ་པའི་གནས་ཚུལ་གཤམ་གསལ།།

    དང་པོ། རྒྱ་ཡིག་གི་བྱ་དགའ་ཐོབ་མཁན་ཀྲུང་གོའི་བོད་ཀྱི་དྲ་བའི་རྒྱ་ཡིག་སྤྱི་བསྒྲགས་སུ་གསལ།

    གཉིས་པ། བོད་ཡིག་གི་བྱ་དགའ་ཐོབ་མཁན་གཤམ་ལྟར།

    ཨང་དང་པོ། བསོད་ནམས་བརྟན་པ།

    ཨང་གཉིས་པ། བིས་མདོ་བ་ཆོས་སྐྱོང་། བུ་ཚེ་རིང་རྒན་པ། རྟ་མགྲིན་ཚེ་རིང་། བསོད་ནམས་ཚེ་རིང་།

    ཨང་གསུམ་པ། འབྲོག་སྐྱེས་སྐར་ཆེན། བིས་མདོ་བ་ཆོས་སྐྱོང་། ཚེ་རིང་འཚོ། དབང་གྲགས་རྒྱལ། གངས་བསམ། རྣམ་གླིང་རིན་ཆེན། ཨ་རྟ་མགྲིན་སྐྱབས། ཚེ་རིང་རྣམ་རྒྱལ་བཅས་ཡིན།

འབྲེལ་གཏུག་བྱེད་ས།  553137629@qq.com

    གསུམ་པ། ཆོས་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པའི་ལས་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀྲུང་གོའི་བོད་ཀྱི་དྲ་བ། མི་དམངས་དྲ་བ་མཚོ་སྔོན་དྲ་ཚན། ཞིང་ཆེན་ཐད་གཏོགས་བཟོ་ཨུའི་དྲིལ་བསྒྲགས་པུའུ།

    བཞི་བ། ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པའི་ལས་ཁུངས། ཞིང་ཆེན་ལས་བྱེད་རྒན་པ་ཅུའི་ལས་ཁུངས་ཏང་ཨུ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དྲིལ་བསྒྲགས་པུའུ་བཅས་ཡིན།

“དྲ་འཇུག་སྲོལ་གསར་དར་སྤེལ་དང་དྲ་རྒྱའི་དཔལ་ཡོན་མཉམ་འཛུགས”དྲ་ཐོག་བྱ་དགའ་ཡོད་པའི་རྩོམ་བསྡུའི་འདེམས་བཤེར་ཚོགས་པས།

2013ལོའི་ཟླ12པའི་ཚེས23ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག