མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས། ཏའོ་ལུགས། ཡེ་ཤུའི་ཆོས་ལུགས་ཀྱི་འཐུས་ཚབ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-24 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་རིང་གི་མཚོ་སྔོན་ཞིང་ཆེན་གྱི་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས། ཏའོ་ལུགས། ཡེ་ཤུའི་ཆོས་ལུགས་ཀྱི་འཐུས་ཚབ་ཚོགས་འདུ་དེ་སྤྱི་ཟླ12པའི་ཚེས22ཉིན་ཟི་ལིང་གྲོང་ཁྱེར་དུ་མཇུག་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མ་ཁྲང་ཆིན། གཟིམ་ཁང་བཅས་ཚོགས་འདུར་ཞུགས།

ཚོགས་འདུས་བསྟན་དོན། དུས་རབས་གསར་བ་དང་དུས་སྐབས་གསར་བའི་ནང་། མཚོ་སྔོན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་དར་རྒྱས་བྱུང་བ་དང་། འཕེལ་རྒྱས་ཀྱི་གོམ་སྟབས་མངོན་གསལ་གྱིས་ཇེ་མགྱོགས་སུ་ཕྱིན་ཤིང་། རྨང་གཞི་སྒྲིག་ཆས་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ལ། སྤྱི་ཚོགས་ལས་དོན་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཤང་གྲོང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་བས། ཆོས་ལུགས་ཁག་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་ལེགས་པོ་བསྐྲུན་པ་དང་། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་འདུས་པའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་མི་སྣས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་འདི་ལ་གཅེས་སྤྲས་བྱེད་དགོས་པ་དང་། མཐུན་སྒྲིལ་བརྟན་འཇགས་ཀྱི་འཆམ་མཐུན་ཁོར་ཡུག་ལ་གཅེས་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་ཁོར་ཡུག་ལེགས་པོའི་ཁྲོད་རང་འགུལ་གྱིས་བྱེད་ནུས་ལེགས་པོ་བཏོན་ནས་རིགས་སོ་སོའི་མི་རིགས་ཐུན་མོང་ངང་འཕེལ་རྒྱས་སུ་འགྲོ་བ་དང་ཆོས་ལུགས་ཚོགས་ཁག་སོ་སོ་མཐུན་སྒྲིལ་མཉམ་གནས་ཀྱི་རྣམ་པ་བཟང་པོར་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས་ལ། ཆོས་ལུགས་བེད་སྤྱད་དེ་ཁྲིམས་འགལ་ནག་ཉེས་དང་ཁ་ཐོར་སིམ་འཛུལ་བྱ་འགུལ་སྤེལ་བར་ངོ་རྒོལ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུས་བསྟུན་ལྷན་བསྐྱོད་ཀྱིས་ཆོས་ལུགས་ཀྱི་ནང་དོན་ལ་འགྲེལ་བཤད་བྱས་ཏེ། ཆོས་ལུགས་སོ་སོའི་ནང་དོན་དེ་དུས་རབས་ཀྱི་བླང་བྱ་དང་འཚམ་ལ། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་ཕན་པའི་འགྲེལ་བཤད་བྱས་ནས་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་དེ་སྤྱི་ཚོགས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་རིག་གནས་དར་སྤེལ་གཏོང་བ་ནས་མགོ་བརྩམས་ཏེ། ཆོས་ལུགས་རིག་གནས་ཀྱི་བརྗོད་དོན་མངོན་པར་བསྟན་ནས་ཧུར་བརྩོན་གྱིས་རིག་གནས་གཙོ་ཤོས་དང་སྤྱི་ཚོགས་རིང་ལུགས་ཀྱི་གཙོ་གནད་རིན་ཐང་མ་ལག་དར་རྒྱས་སུ་གཏོང་དགོས། ཆོས་ལུགས་ཀུན་སྤྱོད་སྐུལ་སྤེལ་གཏོང་བ་ནས་མགོ་བརྩམས་ཏེ་མུ་མཐུད་དུ་ཀུན་སྤྱོད་ཆུ་ཚད་ཇེ་མཐོར་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་ལ་སྲུང་སྐྱོང་ལ་བྱེད་དགོས། དོ་དམ་ནུས་པ་མཐོར་འདེགས་སུ་གཏོང་བ་ནས་མགོ་བརྩམས་ཏེ། དགོན་སྡེ་ཁག་གི་དམངས་གཙོ་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱེད་པ་ནས་མགོ་བརྩམས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་རིམ་བཞིན་དགོན་པ་དང་ཆོས་ལུགས་ལས་དོན་སྤེལ་ས། ཆོས་ལུགས་མི་སྣ་བཅས་ལ་ཕན་ཁེ་བསྐྲུན་དགོས།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས། ཏའོ་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཀྱི་མགོ་ཁྲིད་གསར་བ་བདམས་ཐོན་བྱུང་། ནང་བསྟན་མཐུན་ཚོགས་ཀྱི་མིང་བཏགས་ཚོགས་གཙོ་ལ་གཟིམ་ཁང་བདམས་པ་དང་། རིན་ཆེན་རྣམ་རྒྱལ་ཚོགས་གཙོར་བདམས། དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོར་མ་ཁྲང་ཆིན་བདམས། ལ་ཙོང་ཅིན་ཞིང་ཆེན་ཏའོ་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས། ཐུང་ཕིན་ཨན་ཡེ་ཤུའི་ཆོས་ལུགས་ཀྱི“ཚོགས་འདུ་གཉིས”ཀྱི་ཀྲུའུ་ཞིར(ཚོགས་གཙོ)བདམས།

ཚོགས་འདུའི་སྟེང་། ཆོས་ལུགས་ཁག་གི་འཐུས་ཚབ་མི་སྣས་བརྗོད་དོན་གསལ་ཞིང་། དམིགས་ཡུལ་མངོན་གསལ་ཡིན་པ། འབོད་སྐུལ་ནུས་པ་ཆེ་བའི་མཉམ་འབྲེལ་གྲོས་འགོ་འདོན་པའི་ཡི་གེ་འགྲེམ་སྤེལ་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག