མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོ་གྲོང་ཁྱེར་གྱི་ཤང་གྲོང་གཅིག་གྱུར་ངང་འཕེལ་རྒྱས་སུ་གཏོང་བར་ཕན་ནུས་ཐོབ་ནས་རོང་འབྲོག་པའི་ཡོང་སྒོ་གོང་དུ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-23 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ནམ་ཡིན་ཡང་ཞིང་ཕྱུགས་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཐོན་ལས་སུ་རྩིས་ནས་ཧུར་བརྩོན་གྱིས་ཤང་གྲོང་གཅིག་གྱུར་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཚོད་དཔག་ལྟར་ན་ད་ལོར་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ16%འཕར་ནས་སྒོར་ཁྲི1.1ལ་སླེབས་ཡོད།

ད་ལོར་ན་གོར་མོའི་ཞིང་ཕྱུགས་ལས་ཐོན་སྐྱེད་དེ་སྤྱི་ཡོངས་ནས་བརྟན་བརླིང་ཡིན་པ་དང་། བསྡོམས་པས་ཞིང་ས་མུའུ་ཁྲི6.32རྨོ་འདེབས་བྱས་ཤིང་ཚོད་དཔག་ལྟར་ན་ལོ་ཧྲིལ་བོར་འབྲུ་རིགས་སྤྱི་རྒྱ་ཁྲི1200.4ལ་སླེབས་ཡོད་པ་དང་སྔོ་ཚལ་ཐོན་ཚད་སྤྱི་རྒྱ་ཁྲི2626.7། འདྲེ་ཚེར་མའི་ཐོན་ཚད་སྤྱི་རྒྱ་ཁྲི601.9། གཟན་ཆས་ཐོན་ཚད་སྤྱི་རྒྱ་ཁྲི34.2བཅས་ལ་སླེབས་ཡོད།

རོང་འབྲོག་པའི་ཚན་རྩལ་རིག་གནས་ཆུ་ཚད་སྤྱི་ཡོངས་ཅུང་དམའ་བ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་ཅན་གྱི་ཞབས་ཞུ་མ་ལག་འཐུས་ཚང་མིན་པ། ཐོན་སྐྱེད་གཞི་ཁྱོན་ཅན་དང་གཅིག་བསྡུ་ཅན། རྩ་འཛུགས་ཅན་གྱི་ཆུ་ཚད་དམའ་བ། ཞིང་ཕྱུགས་ཐོན་རྫས་ཚོང་ར་རྒྱ་བསྐྱེད་དཀའ་བ་སོགས་ཀྱི་ཞིང་ཕྱུགས་ལས་ས་ཁུལ་འཕེལ་རྒྱས་གནས་བབ་ལ་ཚད་བཀག་ཐེབས་པར་དམིགས་ཏེ། ན་གོར་མོ་གྲོང་ཁྱེར་གྱིས་འཕེལ་རྒྱས་བྱེད་ཐབས་བསྒྱུར་བ་ནས་མགོ་བཙུགས་ཏེ། “ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི”བྱ་འགུལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ས་ཁུལ་གསར་འཛུགས་བྱེད་པར་བརྟེན་ནས་ཧུར་བརྩོན་གྱིས་ཐོན་ལས་ཁྱབ་ཚུལ་ལེགས་སྒྲིག་བྱས་ཤིང་། ཤུགས་ཆེན་པོས་ཞིང་ཕྱུགས་ལས་སྣེ་ཁྲིད་ཁེ་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱས།

རྟེན་གཞིའི་གཞི་ཁྱོན་རྒྱ་བསྐྱེད་དེ“ཚོད་སླེ”བཟོ་འགོད་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། མིག་སྔར་གསོ་ཕག་ཁྲི་ཡན་ཡོད་པའི་གསོ་སྤེལ་རྟེན་གཞི་དང་ལུག་ཁྲི་ཡན་ཡོད་པའི་གསོ་སྤེལ་རྟེན་གཞི། མུའུ་ཁྲི་ཡན་ཡོད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱིས་སྔོ་ཚལ་རང་མཁོ་རང་འདོན་བྱེད་པ་མངོན་འགྱུར་བྱས་ཡོད། དུས་མཚུངས་སུ་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཧུར་བརྩོན་གྱིས་རྩྭ་སའི་སྐྱེ་ཁམས་བྱ་དགའི་ཁ་གསབ་ལམ་ལུགས་དངོས་འབེབས་བྱས་ལ། ས་གཤིས་མཚོན་རྟགས་ངོས་འཛིན་དང་ཐོན་རྫས་ཆས་རྟགས་ཅན་གསར་འཛུགས་བྱེད་པ་བརྒྱུད་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་འཕར་རིན་དང་ཚོང་རའི་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག