མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་བརྡལ་གྱི་སྤྱིའི་འཆར་འགོད་ལ་ཞིང་ཆེན་སྲིད་གཞུང་གིས་ལག་བསྟར་བྱེད་པར་ཆོག་མཆན་བཀོད་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-23 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ནུབ་མཚོ་གྲོང་བརྡལ་གྱི་སྤྱིའི་འཆར་འགོད་ལ་འཐད་པར་ཆོག་མཆན་བཀོད། སྐོར་གསར་བའི་ནུབ་མཚོ་གྲོང་བརྡལ་གྱི་སྤྱིའི་འཆར་འགོད་ལག་བསྟར་བྱེད་པའི་དུས་ཡུན2030ལོའི་བར་ཇེ་རིང་དུ་བཏང་ཡོད་ལ། འཆར་འགོད་ལག་བསྟར་བྱེད་པའི་ཁྱབ་ཁོངས་ལ་ནུབ་མཚོ་དང་མདའ་གཞི་གྲོང་བརྡལ། ཧུང་ཧི་བན་བཟོ་ལས་ས་ཁུལ། གྲོང་ཁྱེར་གཙོ་བོ་འཛུགས་སྐྲུན་བཅས་ས་སྤྱི་ལེ་གྲུ་བཞི་བཅུ་ལྷག་འདུས་ཡོད་ལ། འཆར་འགོད་མི་གྲངས་ཁྲི་ལྔ་ལྷག་ཡོད། འཆར་འགོད་ལྟར། མཁར་གྲོང་གཞུང་ལམ་འཛུགས་སྐྲུན་དང་། ཆུ་མཁོ་སྤྲོད་དང་བཙོག་ཆུ་ཕྱིར་འདོན། དྲོད་འདོན། རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ས་ཞིང་གྲོན་ཆུང་གིས་བཀོལ་སྤྱོད་བྱེད་པ་དང་། ཆུ་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པར་གཙིགས་འཛིན་བྱས་ནས། གྲོང་བརྡལ་གྱི་ཞབས་ཞུའི་ནུས་པ་དང་མཚན་སྙན་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག