མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་ཚོགས་འདུ་ཟི་ལིང་ནས་བསྡུས་ཏེ། ཚོགས་ཐོག་ནས་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་། མཚོ་སྔོན་ཞིང་ཆེན་གྱིས་2013ལོ་ནས་2017ལོའི་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་འགོད་གྱི་ལག་བསྟར་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པར་ཞིབ་འཇུག་དང་བགྲོ་གླེང་། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བར་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་མགྱོགས་མྱུར་སྒོས་ས་ཁུལ་གསུམ་གྱི་འཛུགས་སྐྲུན་སྤེལ་བའི་གནད་འགག་གི་དུས་སྐབས་སུ་ཡོད་པ་དང་། འདུ་ཤེས་བརྟན་པ་དང་། དམངས་ལ་ཞབས་ཞུ་སྒྲུབ་པ། སྲིད་ལ་བརྩོན་ཞིང་དོན་དངོས་བསྒྲུབ་པ། འགན་ཁུར་ཕོད་པ། སྤྱོད་གཙང་དྲང་གཞག་གི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་བསྲིང་བྱེད་རྒྱུ་དེ་ཁ་ཚྭ་དགོས་གཏུག་གི་བྱ་བ་ཞིག་ཡིན། ངེས་པར་དུ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ཕན་ཡོད་བྱེད་ཐབས་འདི་བརྒྱུད་ནས། རྒྱ་ཆེའི་ལས་བྱེད་པའི་ཕུགས་འདུན་དང་ཡིད་རྟོན་སྔར་ལས་ཇེ་བརྟན་དང་རིགས་གཞུང་བྱང་ཚད་མུ་མཐུད་དུ་ཇེ་མཐོར། ཏང་གཤིས་ཆུ་ཚད་ལ་སྔར་ལས་ཤུགས་སྣོན། བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར། ཀུན་སྤྱོད་ཤེས་ཡོན་གྱི་བྱང་ཚད་དང་འགན་སྒྲུབ་ནུས་བར་མཐོར་འདེགས་མངོན་གསལ་ཡོང་བར་བྱེད་དགོས་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་འགན་ཁུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ལ་ཤུགས་བསྣན་ནས། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབ་དགོས། ནང་དོན་བཀོད་སྒྲིག་ཐད་སྔར་ལས་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ལས་བྱེད་པའི་སློས་གསོའི་གསོ་སྦྱོང་གི་དུས་རབས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། གསོ་སྦྱོང་གི་རྣམ་པར་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སློབ་སྒྲུབ་སྒྲིག་སྲོལ་ལ་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་མ་ལག་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། འཁོར་བསྐྱོད་སྒྲིག་གཞིར་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཡོངས་ཀྱི་དོ་དམ་ལ་བཅོས་བསྒྱུར་གསར་གཏོད་བྱས་ཏེ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་གཅིག་གྱུར་བཀོད་འདོམས་ཇེ་དྲག་ཏུ་གཏོང་བ་དང་། མུ་མཐུད་དུ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལས་དོན་གྱི་གནས་བབ་གསར་བ་གསར་བསྐྲུན་བྱེད་དགོས་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག