མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་བོད་སྨན་ཁང་སྨན་སྦྱོར་ཚན་ཁག་གིས་འབའ་སམ་ལྷ་ཡི་སྨན་མར་བསྐྲུན།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲང་ངར་ཆེ་བའི་དགུན་གྱི་དུས་ཚིགས་སླེབས་པའི་སྐབས་འདིར་འགྲོ་བ་མི་ཡི་ལུས་ཁམས་སུ་རང་བཞིན་གྱིས་ནད་རིགས་སྣ་ཚོགས་འགོས་མཆེད་ཤིན་ཏུ་སླ་ལ། བོད་ཀྱི་གསོ་བ་རིག་པའི་གཞུང་ལས་དགུན་གྱི་དུས་ནི་གནས་གོས་དྲོ་བ་དང་ལུས་ཟུངས་གསོ་བར་བརྩོན་དགོས་པ་བསྟན་ཡོད། ཁྱད་པར་དུ་དགུན་ཚུགས་ཤིང་དགུ་འདྲེན་པའི་སྒང་ནི་གྲང་ངར་ཤིན་ཏུ་ཆེ་བའི་དུས་ཡིན་པས་མི་རྣམས་ཀྱིས་དེ་བསྟུན་གྱིས་མཁལ་ནུས་གསོ་བར་དེ་བས་ཀྱང་བརྩོན་དགོས་པ་ནི་སྨོས་མ་དགོས་པ་རེད། རྒྱུ་མཚན་ནི་མེ་དྲོད་ཉམས་ན་རླུང་ནད་ད་རྒན་དང་མཁལ་ནད་བརྒྱད་སོགས་བསྐྱེད་པས། དེ་ལྟར་ན་ལུས་ཁམས་བདེ་ཐང་ཡོང་རྒྱུ་ཕར་ཞོགས་ཐ་ན་ལུས་ཟུངས་ཟད་པ་སོགས་ནད་མང་པོ་སྐྱེད་པར་འགྱུར་།

རྒྱུ་མཚན་དེ་དག་ལ་དམིགས་ནས་མཚོ་སྔོན་བོད་སྨན་ཁང་སྨན་སྦྱོར་ཚན་ཁག་གིས་བོད་ ཀྱི་གསོ་བ་རིག་པའི་གཞུང་ལས་ལུས་ཟུངས་གསོ་བྱེད་ཀྱི་སྨན་མཆོག་འབའ་སམ་སྨན་མར་གྱི་རིལ་བུ་བསྐྲུན་པ་ཡིན། དེ་ཡི་སྦྱོར་བ་གཙོ་བོ་ནི་རྩ་བ་ལྔ་དང་འབྲས་བུ་གསུམ། ཁ་ཆེ་གུར་ཀུམ་སོགས་སྨན་སྣ་བཅུ་ཕྲག་ཁ་ཤས་དང་། བཅུད་ཀྱི་དྭངས་མ་འབྲི་མར་དང་འོ་མ། རྩི་ཡི་དྭངས་མ་སྦྲང་རྩི་དང་ཀ་ར་སོགས་ཁ་ཚར་གྱི་སྨན་གང་འཚམས་བསྣན་ཞིང་བསྐྲུན་ཡོད། སྨན་མཆོག་འདི་ཡི་ཕན་ཡོན་གཙོ་བོ་ནི་མེ་དྲོད་གསོ་བ་དང་རྒས་ཀ་སྲ་བ། དྲོད་དང་ལུས་སྟོབས་འཕེལ་བ། དབང་པོ་གསལ་བ། ཡན་ལག་གི་རེངས་འཁུམས་ཀྱི་ནད་སོགས་ནད་སྣ་མང་བོ་ཞིག་ན་བ་ལས་ཐར་བར་བྱེད་པའི་བདུད་རྩི་སྨན་མཆོག་ཅིག་ཡིན། གཞན་ཡང་ཕ་མ་དང་རྒན་རབས། གྲོགས་པོ་སོགས་ལ་འབུལ་རྒྱུའི་ལག་རྟགས་གྱ་ནོམ་པ་ཡིན་པས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱི་རེ་འདོད་ཡིད་བཞིན་དུ་སྐོང་ཐུབ་པར་སྨོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག