མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཡིག་གི《གླིང་སྒྲུང》གཅེས་བཏུས་རྩོམ་སྒྲིག་བྱས་ཚར་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཤེས་ཡོན་པ་མི་རབས་ཁ་ཤས་ཀྱིས་ལོ་ངོ30ཙམ་ལ་འབད་བརྩོན་བྱས་པར་བརྒྱུད། འཛམ་གླིང་སྟེང་གི་ལོ་རྒྱུས་སྙན་ངག་རིང་ཤོས་བོད་ཡིག་གི《གླིང་སྒྲུང》གཅེས་བཏུས་རྩོམ་སྒྲིག་དང་པར་སྐྲུན་ལས་འགན་ལེགས་འགྲུབ་བྱུང་བས་གླིང་སྒྲུང་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ཞིག་མཁོ་འདོན་བྱེད་ཐུབ་རྒྱུ་རེད།

བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཚང་གི་གླིང་སྒྲུང་ཞིབ་འཇུག་ཁང་གི་ལས་དཔོན་གཞོན་པ་པ་སངས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་མི་སྣས་ལོ་ངོ30ཙམ་ལ་འབད་བརྩོན་བྱས་མཐར་བརྩམས་ཆོས་ཧ་ཅང་ཆེན་པོ་འདི་ལེགས་འགྲུབ་བྱུང་བ་དེ་ནི་འཛམ་གླིང་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད”ཅེས་བཤད།

བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག《གླིང་སྒྲུང》ནི་འཛམ་གླིང་སྟེང་གི་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་ཡིན་པ་དང་། མིག་སྔར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་ཡིག་འབྲུ་ཁྲི1500ལས་བརྒལ་ཡོད་པ་དེ་གནའ་བོའི་ཀེ་རེ་སེའི《ཧོ་མ་ལོ་རྒྱུས་སྙན་ངག》དང་། རྒྱ་གར་གྱི《མ་ཧཱ་བྷ་ར་ཏ》ཞེས་པའི་སྐད་གྲགས་ཅན་གྱི་ལོ་རྒྱུས་སྙན་ངག་དེ་གཉིས་ཀྱི་ཡིག་འབྲུ་སྡོམ་འབོར་ལས་ཀྱང་མང་བ་ཡོད་པ་རེད། དེའི་ནང་བོད་རིགས་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོས་དགྲ་བོ་ཆམ་ལ་ཕབ་པ་དང་འབངས་ལ་བདེ་བ་བསྐྲུན་པའི་གནས་ཚུལ་འཁོད་ཡོད། སྤྱི་ལོ2009ལོའི་ཟླ10བའི་ཚེས1ཉིན་ཀྲུང་གོའི་དེང་རབས་ཆེས་ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྲུང་པ་རྣམས་འཛམ་གླིང་གི་གཟུགས་འདས་རིག་གནས་ཤུལ་བཞག་གི་དཀར་ཆག་ནང་བཀོད་ཡོད།

སྤྱི་ལོ1983ལོ་ནས་བཟུང་རྒྱལ་ཁབ་ཀྱིས《གླིང་སྒྲུང》འཚོལ་བསྡུ་ལེགས་སྒྲིག་དང་རིག་གཞུང་ཞིབ་འཇུག་ལས་དོན་དེ་གཙོ་གནད་ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་བརྩིས་ཤིང་ལེགས་འདེམས་བྱས་པ་ལ་ཁྱོན་བསྡོམས་བམ་པོ40ཡོད་པ་དང་བམ་པོ་ཁག་གཅིག་ལ་སྟོད་སྨད་དམ་ཡང་ན་སྟོད་སྨད་བར་གསུམ་དུ་དབྱེ་ཡོད་པ་དང་། ཁྱོན་བསྡོམས་དེབ51དང་བར་བཅུག་གི་ཐང་གའི་རི་མོ306འཁོད་ཡོད་པ་དང་ཚིག་རྐང་ཁྲི60ཙམ་ཡོད་པ་རེད།

མི་དེ་བས་མང་བ་ཞིག་གིས་གླིང་སྒྲུང་ཤེས་ཆེད་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཉེ་ཆར《སྒྲུང་པ་བསམ་གྲུབ་ཀྱི་སྒྲུང》རྒྱ་ཡིག་ལ་དངོས་སུ་སྒྱུར་འགོ་ཚུགས་པ་དང་། སྤྱི་ལོ2018ལོར་ལེགས་སྒྲུབ་དང་འབྲེལ་པར་སྐྲུན་བྱ་རྩིས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག