མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་སྙན་ཞུ་འབུལ་མཁན་གྱི་ཚོགས་མིར་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས20ཉིན་གྱི་སྔོ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་དཔེ་ལེགས་ཅན་ཞེས་པའི་མཛད་རྗེས་ཆེ་བའི་ལས་བཟོ་བར་སྙན་ཞུ་འབུལ་མཁན་གྱི་ཚོགས་མིར་ཐུག་འཕྲད་བྱས།

ཐུག་འཕྲད་ཀྱི་གོ་རིམ་ཁྲོད་སུའུ་ཉིན་གྱིས་ངལ་རྩོལ་དཔེ་ལེགས་ཅན་ལ་ཚད་མཐོ་བའི་གདེང་འཇོག་བྱས་པར་མ་ཟད། ངལ་རྩོལ་ལས་བཟོ་བ་རྣམས་ལ་རེ་བ་ནན་མོ་བཏོན། ཁོ་མོས་བཤད་རྒྱུར། རང་ཞིང་གི་ལས་རིགས་སོ་སོའི་ཁྲོད་མིག་དཔེར་འོས་པའི་ལས་བཟོ་བ་ཁྱེད་ཅག་ལ་མི་དམངས་ལ་ཞབས་འདེགས་སྒྲུབ་པའི་ཆོད་སེམས་བརྟན་པོ་ཞིག་མཁོ་བ་དང་རང་ཉིད་ཀྱི་ལས་རྐང་དང་བྱ་བར་སྤྲོ་སེམས་འཕེལ་བ། བྱས་རྗེས་འཇོག་པར་སྤྲོ་བ། དུས་རབས་ཀྱིས་བསྩལ་བའི་འོས་འགན་ཕྲག་སྟེང་དུ་ལེན་ཕོད་པ་བཅས་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུད་ལ་ངེས་སུ་བཅུག་ཐོག ལས་རིགས་ཕལ་བའི་སྟེང་ནས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་འཇོག་དགོས་ལ། ཁྱེད་ཅག་ནི་ཉེ་རབས་ལས་བཟོ་བའི་མིག་དཔེ་དང་ང་ཚོའི་སློབ་སྦྱོང་བྱ་ཡུལ་འཁྲུལ་མེད་ཡིན་པ་དང་། ཁྱེད་ཅག་རང་ཉིད་ལ་མངའ་བའི་ངལ་རྩོལ་གྱི་དགའ་ཞེན་དང་ལག་ལེན་དངོས་ཀྱི་བྱ་སྤྱོད་ཀྱིས་ཀྲུང་གོའི་ཕུགས་འདུན་གྱི་དོན་སྙིང་མངོན་པར་མཚོན་ཡོད། ཁྱེད་ཅག་གི་ངལ་རྩོལ་ལ་དགའ་བའི་བླ་མེད་སྤྱོད་བཟང་དེའི་སྟེང་ནས་ང་ཚོས་བཟོ་བ་གྲལ་རིམ་གྱི་ཐུན་མིན་གཤིས་རྒྱུད་དང་རླབས་ཆེན་གྱི་ངལ་རྩོལ་སྙིང་སྟོབས་དེ་བཅོས་མིན་དུ་མཐོང་ཐུབ། ཁྱེད་ཅག་གིས་ངལ་རྩོལ་གྱི་སྙིང་སྟོབས་མུ་ནས་མུར་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ཕུགས་འདུན་དང་ཀུན་ནས་འཚམ་པའི་དུས་རབས་ཀྱི་བརྗོད་དོན་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ཏེ། མཚོ་སྔོན་གྱི་ས་ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བཟོ་བ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དཔལ་འབྱོར་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་གཉིས་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག