མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་ཟླ་དང་པོའི་ཚེས་གསུམ་ཉིན་བར་གཅིག་བསྡུས་ཀྱིས་ལས་ཁུངས་ཀྱི་ཁྲུའུ་རིམ་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོངས་ལ་ཆེད་དོན་གསོ་སྦྱོང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་རབ་དང་རིམ་པར་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་ཆེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཟླ12པའི་ཚེས13ཉིན་ནས་ཟླ་དང་པོའི་ཚེས3ཉིན་བར་གཅིག་བསྡུས་ཀྱིས་ལས་ཁུངས་ཀྱི་ཁྲུའུ་རིམ་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོངས་ལ་ཆེད་དོན་གསོ་སྦྱོང་བྱེད་རྒྱུ་རེད།

ཚེས13ཉིན་གྱི་སློབ་མགོ་བརྩམས་པའི་མཛད་སྒོ་དང་ཐུན་མོང་གི་སློབ་སྦྱོང་ཁྲོད་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་མྱོང་ཚོར་དང་རྩོམ་ཡིག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་དང་པོའི་གསོ་སྦྱོང་འཛིན་གྲྭའི་སྟེང་གི་གཏམ་བཤད་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཚེ་ཏི་ཀོས་ཀྱིས་ཁྲུའུ་རིམ་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡོངས་ལ་སློབ་སྦྱོང་སྒྲོག་འགྲེལ་བྱས།

ཚེས17ཉིན་ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གོ་ཡུང་ཕུའུ་གདན་དྲངས་ནས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཟུར་ཁྲིད་སྙན་ཞུ་ཕུལ། བློ་མཐུན་གོ་ཡུང་ཕུའུ་ཡིས་ཁྲིད་པའི་སྙན་ཞུ་གཏིང་ཟབ་ཅིང་། གནད་ས་འབུར་དུ་ཐོན་ཡོད་པས། གཞུང་ལུགས་གནད་ལ་འཁེལ་ཞིང་། ཉམས་མྱོང་གཏིང་ཡང་ཟབ་པས། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པར་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་འདོན་པར་ཡར་སྐུལ་བྱེད་ཐུབ། ཚང་མས་རེབ་འདིའི་ཆེད་དོན་གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས། དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་དོན་དངོས་དང་དམ་དུ་སྦྲེལ་ནས། ཀྲུང་དབྱང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ནང་སྒོས་སུ་ཆོད་དོན་ལས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོན་པོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་དང་། ལྟ་ཞིབ། འཐུས་མི་སོགས་བྱ་བ་སྣ་ཚོགས་ཁྲོད་དུ་ལག་བསྟར་དངོས་འབེབ་བྱས་ནས། མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་བྱ་བ་ཡར་སྐུལ་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུའི་བསམ་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག