མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ནས་དམངས་ཡོངས་ཀྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-22 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ས་འགུལ་སྔོན་འགོག་དང་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབ་བྱེད་པ་དང་། ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱ་དྲིལ་སྒྲོག་སློབ་གསོའི་བྱ་བར་ཤུགས་སྣོན་པ། དམངས་ཡོངས་ཀྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་འདུ་ཤེས་ཇེ་མཐོར་གཏོང་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་དང་ཚན་རིག རིག་གནས་དང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་བྱས་ནས། ཞིང་ཆེན་ཡོངས་ནས་དམངས་ཡོངས་ཀྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱ་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།

རེབ་འདིའི་ཤེས་བྱ་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱའི་སློབ་གསོ་ཀློག་དེབ་དང་མཚོ་སྔོན་ཞིང་ཆེན་གྱི་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱའི་དྲིལ་སྒྲོག་འགེལ་རེའུ་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་ནང་དོན་གཙོ་ཡིན་པ་དང་། ལས་ཁུངས་དང་སློབ་གྲྭ ཁེ་ལས་དང་སྡོད་ཁུལ། ཞིང་སྡེ་དང་འབྲོག་ཕྱོགས། དགོན་པ་དང་ཁྱིམ་ཚང་། དམག་སྒར་བཅས་སུ་བསྐྱོད་པའི་ཐབས་ལམ་གཙོ་བྱས་ནས། དམངས་ཡོངས་ལ་ས་འགུལ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཤེས་བྱ་སྦྱངས་སུ་བཅུག་ནས། ས་འགུལ་སྔོན་འགོག་དང་། རང་གིས་རང་སྐྱོབ་པ་དང་། ཕན་ཚུན་བར་སྐྱོབ་པའི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱེད་པ། དམངས་ཡོངས་ཀྱིས་ས་འགུལ་གྱི་གནོད་འཚེ་ལ་ཁ་གཏད་འཇལ་བའི་ཕྱོགས་བསྡུས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། ས་འགུལ་ལས་ཐེབས་པའི་གྱོང་གུད་ཆེས་དམའ་བའི་ཆུ་ཚད་དུ་བསླེབ་ཏུ་འཇུག་པའི་ཆེད་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག