མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་ལ་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་ཏུ་རྟོག་ཞིབ་བྱེད་པར་སོང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་ཆབ་སྲིད་ཨུ་ཡོན་དང་པོ་ལིག་ཀྲི་ཆང་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་ཡཱང་ཞུང་ཝེ། ཆབ་སྲིད་ཨུ་ཡོན་ཞོ་ཡཱང་ཀྲུང་སོགས་མགོ་ཁྲིད་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

ཀྲང་ཀོང་རོང་སོགས་ཀྱིས་དྲག་ཆས་ཉེན་རྟོག་སྤྱིའི་རུ་ཁག་གི་འཛུགས་སྐྲུན་གནས་ཚུལ་གྱི་བརྙན་རིས་ལ་བལྟས་པ་དང་། སྤྱིའི་རུ་ཁག་གི་ཏང་ཨུའི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཉེན་རྟོག་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་དང་བརྙན་འཕྲིན་མ་ལག་བརྒྱུད་ནས་ཡུལ་དངོས་སུ་ལས་འགན་སྒྲུབ་བཞིན་པའི་སོ་དམག་ལ་འཚམས་འདྲི་བྱས།

ཀྲང་ཀོང་རོང་གིས་ལོ་མང་བོའི་རིང་གི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་ཐད་ཕུལ་བའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག་གིས་ལས་འགན་ཕྲག་ཏུ་བླངས་ནས། མུ་མཐུད་དུ་གཏན་འཇགས་སྲུང་སྐྱོབ་ཀྱི་གཙོ་ཤུགས་དམག་བྱས་ཏེ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་ཆབ་སྲིད་ལས་འགན་དང་འགན་ཁུར་གཙོ་བོར་བརྩི་བ་དང་། བདེན་རྫུན་གྱི་སྔོན་དུ་ནམ་ཡང་ལངས་ཕྱོགས་བརྟན་པོ་དང་དར་ཆ་མཐོན་པོར་བསྒྲེང་བ་བཅས་བྱས་ཏེ། དམག་དཔུང་ལ་ཡིད་རྟོན་བྱེད་ཆོག་པར་ཁག་ཐེག་བྱེད་དགོས་པ་དང་། དམག་དོན་སྦྱོང་བརྡར་ལ་ཤུགས་བསྣན་ནས། ལུང་ཕུང་སྟོབས་ལྡན་དང་བདེ་ཐང་དུ་གཏོང་དགོས། དམག་དཔུང་སྟོབས་ལྡན་དུ་གཏོང་བར་དམ་དུ་དམིགས་ནས། ཆེས་རྙོག་འཛིང་གི་གནས་ཚུལ་དང་ཆེས་དཀའ་ཁག་གི་གནས་བབ་ལ་རྐང་བཙུགས་ཏེ། སྣ་མང་ཅན་གྱི་ལས་འགན་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་ནས། དམག་དཔུང་གིས་འཐབ་འཁྲུག་རྒྱག་ཐུབ་པ་དང་། འཐབ་འཁྲུག་ལས་རྣམ་པར་རྒྱལ་བར་ཁག་ཐེག་བྱེད་དགོས། དམག་དཔུང་དང་མང་ཚོགས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་བྱེད་པ་དང་། མུ་མཐུད་དུ་མི་དམངས་དམག་དཔུང་གི་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། ཧུར་ཐག་གིས་དམག་དཔུང་སྡོད་སའི་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཞུགས་ནས། རང་འགུལ་གྱིས་ལས་འགན་ལྕི་མོ་དང་ལས་འགན་ཉེན་ཁ་ཅན་ཕྲག་ཏུ་ལེན་པ་དང་། ཉེན་རྟོག་དང་མང་ཚོགས་ཀྱི་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། མུ་མཐུད་དུ་ཉེན་རྟོག་དང་མི་དམངས་ཀྱི་འཆམ་མཐུན་འབྲེལ་བ་འཕེལ་རྒྱས་དང་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་གྱི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག