མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་ལྷག་བཏང་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-21 12:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལས་གཞི་ཉེར་བརྒྱད་བརྩོན་ལེན་དང་ལག་བསྟར་བྱས་པ་དང་དེའི་ཐད་ལ་བསྡོམས་པས་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་ལྷག་བཏང་ཞིང་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་དྲུག་ལྷག་ཡོད། ལས་གཞི་དེ་དག་ལག་བསྟར་བྱས་པ་བརྒྱུད་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་གི་རྨང་གཞིའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ།

2013ལོར་རྨ་ལྷོ་ཁུལ་གྱིས་འཕྲོད་བསྟེན་འཛུགས་སྐྲུན་ལས་གཞི་བདུན་ལག་བསྟར་བྱས་པ་དང་དེའི་ཐད་ལ་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་ལྔ་ལྷག་བཏང་ཞིང་བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་ཡོད། ད་ལྟ་ལས་གཞི་གཅིག་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་ཚད་ལེན་བྱས་པ་དང་ལས་གཞི་གཉིས་ལ་ཉེ་ལམ་ཞིབ་བཤེར་ཚད་ལེན་བྱེད་ངེས་ཡིན་ལ། གཞན་པ་རྣམས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།

2013ལོར་རྨ་ལྷོ་ཁུལ་གྱིས་འཕྲོད་བསྟེན་འཛུགས་སྐྲུན་ལས་གཞི་ཉེར་གཅིག་གསར་དུ་བརྩོན་ལེན་བྱས་པ་དང་དེའི་ཐད་ལ་སྤྱིའི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་ལྷག་གཏོང་བའི་འཆར་གཞི་བཀོད་ཅིང་བཟོ་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གསུམ་ལྷག་ཡོད། དེའི་ནང་གི་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་ཕྱོགས་བསྡུས་ཐོག་ཁང་ད་ལོར་ལས་མགོ་རྩོམ་རྒྱུ་ཡིན་པ་དང་ལས་གཞི་གཞན་པའི་དུས་སྐབས་སྔོན་གྱི་བྱ་བ་གྲ་སྒྲིག་བྱེད་བཞིན་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག