མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཡུས་ཧྲུའུ་རྒུད་སྐྱོབ་ཁྲོད་ཀྱི་སྔོན་གཤེགས་དཔའ་བོ་དང་བསྐྱར་འཛུགས་ཁྲོད་གཞུང་དོན་ལ་རང་སྲོག་ཤོར་མཁན་མི་སྣའི་ཁྱིམ་མི་ལ་འཚམ་འདྲི་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-20 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས19ཉིན། “དུས་ཆེན”གཉིས་ལ་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ལྟར། ཞིང་ཆེན་དམངས་སྲིད་ཐིན་གྱི་འགན་འཁུར་བློ་མཐུན་མི་སྣས་ཟི་ལིང་ས་ཁུལ་དུ་ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་ཁྲོད་ཀྱི་སྔོན་གཤེགས་དཔའ་བོ་དང་གནོད་ཕྱིའི་བསྐྱར་འཛུགས་ཁྲོད་གཞུང་དོན་ཆེད་ལ་རང་སྲོག་ཤོར་མཁན་མི་སྣའི་ཁྱིམ་མི་ལ་འཚམ་འདྲི་བྱས་ཤིང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ།

འཚམ་འདྲི་ཚན་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་ཧན་ཧུའེ་དབྱིན་དང་ངག་དབང་བསོད་ནམས། ཉེ་མེ་ཧྲིན། ཀྲུའུ་ཡུས་ལིན། ཞུའུ་ཀྲི་ཆང་། ཀྲང་ཅན་ཧྭ། ལིས་ཏི་ཡེ། ཏུའུ་ཅིན་ཡུས་བཅས་ཀྱི་ཁྱིམ་ལ་སོང་ནས་འཚམ་འདྲི་བྱས། འཚམ་འདྲི་ཚན་ཆུང་ཁྱིམ་ཚང་རེར་ཐོན་རྗེས་ལྷག་བསམ་རྣམ་དག་གི་སྒོ་ནས་སྐུ་གཤེགས་པའི་བློ་མཐུན་ལ་དད་གུས་བྱས་པ་དང་། ཁོ་ཚོའི་ཁྱིམ་མིའི་འཚོ་བའི་གནས་ཚུལ་དང་དཀའ་ངལ་ལ་རྒྱུས་ལོན་བྱས་ཏེ། ཁྱིམ་མིས་ཏང་དང་རྩ་འཛུགས་ལ་ཡིད་ཆེས་བཅིངས་ནས་རྩ་འཛུགས་ཀྱིས་འོས་འཚམ་གྱིས་ཁོ་ཚོའི་འཚོ་བ་བཀོད་སྒྲིག་བྱེད་པར་ཡིད་ཆེས་དགོས་པ་དང་། ཁྱིམ་མི་དག་གིས་དཀའ་བ་ཁྱད་སེལ་གྱིས་འཚོ་བ་རོལ་བར་སྐུལ་ལྕག་གནང་བ་མ་ཟད། འཚམ་འདྲིའི་སྒོར་མོ་བྱིན། འཚམ་འདྲི་ཚན་ཆུང་གིས་ད་རུང་མཛེས་སྡུག་གི་ཡུས་ཧྲུའུ་གསར་བའི་རྣམ་པ་མཚམས་སྦྱོར་བྱས། ཁྱིམ་མི་དག་གིས་སྲིད་གཞུང་གིས་ཁོ་ཚོར་ནམ་ཡིན་ཡང་ཐུགས་ཁུར་དང་བྱམས་བརྩེ་བསྐྱལ་བར་བཀའ་དྲིན་ཆེ་ཞུས།

མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངག་ལྟར་ལྟར། འཚམ་འདྲི་བྱེད་ཡུལ་མི་སྣའི་ལས་ཁུངས་དང་ས་ཁུལ་མི་འདྲ་བར་གཞིགས་ཏེ། མཚོ་སྔོན་གྱིས་འཚམ་འདྲི་ཚན་ཆུང་གསུམ་བཙུགས་ཡོད་པ་དང་། ཚན་ཆུང་དང་པོས་ཡུས་ཧྲུའུ་ས་ཁུལ་གྱི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་ལ་རང་སྲོག་ཤོར་མཁན་མི་སྣའི་ཁྱིམ་མི་ལ་འཚམ་འདྲི་བྱེད་པ་དང་། ཚན་ཆུང་གཉིས་པས་ཞིང་ཆེན་ནང་ཁུལ་གྱི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་ལ་རང་སྲོག་ཤོར་མཁན་མི་སྣའི་ཁྱིམ་མི་ལ་འཚམ་འདྲི་བྱེད་པ། ཚན་ཆུང་གསུམ་པས་ཞིང་ཆེན་ཕྱིའི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་ལ་རང་སྲོག་ཤོར་མཁན་མི་སྣའི་ཁྱིམ་མི་ལ་འཚམ་འདྲི་བྱེད་པའི་འགན་འཁུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག