ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ12པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་སྔོན་ཧྥུ་དབྱིན་ཚོགས་སྒྲིལ་དང་མཉམ་དུ་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་ནང་སློབ་རོགས་ཞལ་འདེབས་ཕུལ་བའི་བྱ་འགུལ་སྤེལ། མཚོ་སྔོན་ཧྥུ་དབྱིན་ཚོགས་སྒྲིལ་གྱི་སྤྱི་གཉེར་བ་ལིན་ཀྲིན་ཡུང་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱུན་ལས་ཚོགས་གཙོ་གཞོན་པ་སུང་ལིན། རྨ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ་དང་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་དང་དབུལ་ཕོངས་སློབ་མའི་འཐུས་ཚབ་བཅས་ཞལ་འདེབས་ཕུལ་བའི་བྱ་འགུལ་ལ་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཧྥུ་དབྱིན་ཚོགས་སྒྲིལ་གྱིས་ཐེངས་གསུམ་པར་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི“ཧྥུ་དབྱིན་དབྱིན་ཡིག་འཛིན་གྲྭ”ལ་སློབ་རོགས་ཞལ་འདེབས་ཕུལ་བ་དང་། ཧྥུ་དབྱིན་དབྱིན་ཡིག་འཛིན་གྲྭ་ལ་བསྡོམས་པས་སློབ་མ40ཡོད་པ་དང་། སློབ་མ་རེར་ལོ་རེར་ཧྥུ་དབྱིན་ཚོགས་སྒྲིལ་གྱིས་སྒོར1500ཡི་སློབ་རོགས་མ་དངུལ་དང་འཚོ་བའི་མཁོ་རྫས་ཀྱི་ཞལ་འདེབས་ཕུལ་ཏེ། སློབ་གྲོགས་ཚོས་སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་སེམས་མི་སྣའི་ཐུགས་ཁུར་ལ་མོལ་མྱོང་བྱེད་དུ་བཅུག་པ་དང་། མ་འོངས་པར་ཡིད་ཆེས་དང་རེ་བ་བསྩལ། །
ཞལ་འདེབས་བྱ་འགུལ་ལ་ཞུགས་པའི་མི་སྣ།
འདི་ནི་ཞལ་འདེབས་བྱ་འགུལ་ལ་ཞུགས་པའི་དབུལ་ཕོངས་སློབ་མའི་འཐུས་ཚབ་པ་རེད།
འདི་ནི་མཚོ་སྔོན་ཧྥུ་དབྱིན་ཚོགས་སྒྲིལ་གྱི་སྤྱི་གཉེར་བ་ལིན་ཀྲིན་ཡུང་གིས་ཞལ་འདེབས་བྱ་འགུལ་གྱི་ཡུལ་དངོས་སུ་སློབ་མ་ཚོར་སྐུལ་ལྕག་གནང་བཞིན་པའི་ཚུལ་རེད།
མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་སུང་ལིན་གྱིས་ཞལ་འདེབས་མཛད་སྒོའི་སྟེང་གཏམ་བཤད་བཞིན་པ།
འདི་ནི་ཞལ་འདེབས་མཛད་སྒོའི་ཡུལ་དངོས་རེད།
འདི་ནི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་ཧྥུ་དབྱིན་དབྱིན་ཡིག་འཛིན་གྲྭར་སློབ་རོགས་མ་དངུལ་སྟེར་བའི་ཡུལ་དངོས་རེད།
འདི་ནི་ཧྥུ་དབྱིན་ཚོགས་སྒྲིལ་གྱིས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པར་སློབ་རོགས་མ་དངུལ་སྟེར་བའི་ཡུལ་དངོས་རེད།