མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོ་རྟེན་གཞི་གཅིག་པུའི་སྒོ་བྱང་བཀལ་བ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོ་རྟེན་གཞིའི་སྒོ་བྱང་ཚེས17ཉིན་མཚོ་སྔོན་སློབ་ཆེན་རྒྱུན་མཐུད་སློབ་གསོ་སློབ་གླིང་ནས་བཀལ་བ་དང་། རྟེན་གཞི་འདི་ནི་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཆོག་མཆན་བཀོད་པའི་སྐོར་དང་པོའི་རྟེན་གཞི་ཉི་ཤུའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། མིག་སྔའི་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་རྒྱུན་མཐུད་སློབ་གསོའི་རྟེན་གཞི་གཅིག་པུ་རེད།

རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་རྟེན་གཞི་ནི་རྒྱལ་ཁབ་རིམ་པའི་ཆེད་ལས་ལག་རྩལ་པའི་རྒྱུན་མཐུད་སློབ་གསོའི་རྟེན་གཞིའི་དོ་དམ་གྱི་གཏན་ཁེལ་ལྟར་འཛུགས་སྐྲུན་བྱས་པ་ཡིན་ལ། རྟེན་གཞིའི་ནུས་པ་འཛུགས་སྐྲུན་བྱེད་རྒྱུ་དང་། མཐོ་རིམ་དང་གསར་སྐྲུན་གྱི་ཆེད་ལས་ལག་རྩལ་གྱི་མི་སྣ་གཙོ་བོར་བཟུང་ནས་འཆར་གཞི་ཡོད་པ་དང་། ཁོང་གཏོགས་དགར་བ། རིགས་དགར་བ། གོ་རིམ་དགར་བ་བཅས་བྱས་ནས་གསོ་སྐྱོང་བྱ་འགུལ་སྤེལ་ཏེ། ཆེད་ལས་ལག་རྩལ་པའི་གསར་སྐྲུན་གྱི་ནུས་པ་དང་སྤྱི་ཡོངས་ཀྱི་གཤིས་རྒྱུད་ཇེ་མཐོར་གཏོང་རྒྱུ་རེད། རྟེན་གཞིར་སྒོ་བྱང་བཀལ་བ་དེས། མཚོ་སྔོན་གྱི་ཆེད་ལས་ལག་རྩལ་པའི་རུ་ཁག་འཛུགས་སྐྲུན་དང་རྒྱུན་མཐུད་སློབ་གསོའི་བྱ་བ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་གྱི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་བཞིན་ཡོད་པ་མཚོན་ཡོད། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་འཇོན་མི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་ཀྱི་རེ་བ་ལྟར། ལོ་ལྔའི་ནང་རྟེན་གཞི་དེ་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་སྐོང་ཐུབ་ལ། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་གསོ་སྐྱོང་ལས་གཞི་ཉི་ཤུ་ཡོངས་འགྲུབ་བྱེད་རྒྱུ་རེད།

མིག་སྔར། རྟེན་གཞིས་རིགས་མི་འདྲ་བའི་རྒྱུན་མཐུད་སློབ་གསོར་ཞུགས་པའི་མི་སྣ་སྟོང་དགུ་ཉིས་བརྒྱ་དང་གྱ་ལྔ་གསོ་སྐྱོང་བྱས་ཚར་བ་དང་། གསོ་སྐྱོང་གི་ཁྱབ་ཁོངས་ཞིང་ཆེན་ཡོངས་ལ་ཁེབས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག