མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཏུའུ་ལན་རྫོང་གིས་གཞི་རིམ་འཕྲོད་བསྟེན་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་ཀྲུང་དབྱང་ངེས་རྩིས་ཀྱི་བོད་ཁུལ་ཆེད་སྤྱོད་དངུལ་གཏོང་འཆར་གཞི་སྐོར་གཉིས་པའི་ལས་གཞི་བརྩོན་ལེན་བྱས་ནས། གཞི་རིམ་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་བྱ་བའི་ཁོར་ཡུག་ཞན་པ་དང་། ལས་བྱེད་མི་སྣའི་འཚོ་བའི་ཆ་རྐྱེན་ཅུང་ཞན་པའི་གནད་དོན་ལ་དམིགས་ནས། གཞི་རིམ་འཕྲོད་བསྟེན་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་།

ལས་གཞི་དེ་ལས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་པའི་ཐད་ལ་སྤྱིའི་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་བདུན་ཁྲི་བདུན་སྟོང་གསུམ་ལྷག་བཏང་ནས་ལས་བཟོ་བའི་སྡོད་ཁང་རེ་དགུ་ལས་པ་དང་། དེའི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་གཉིས་དང་དྲུག་བརྒྱ་ཡོད། ལས་གཞི་བརྩོན་ལེན་བྱས་པའི་རྨང་གཞི་སྟེང་། ས་གནས་ནོར་སྲིད་ཀྱིས་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གསུམ་བཏང་ནས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་བཞི་བརྒྱ་དང་ལྔ་བཅུ་ཡོད་པའི་ལས་བཟོ་བའི་ཟ་ཁང་གསར་དུ་ལས་ཤིང་། ཆུ་ཁོལ་ཞང་དང་པ་ལུང་ཞང་། ཙོང་རྒྱ་གྲོང་རྡལ་བཅས་ཀྱི་འཕྲོད་བསྟེན་ཁང་སོགས་ཀྱི་ཆུ་ཁོལ་བསྐོལ་ས་དང་། སྒོ་ཆེན། གྱང་ར་སོགས་འཛུགས་སྐྲུན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག