མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་གྱི་ཐོ་འགོད་སྙན་སེང་ལམ་ལུགས་བཙུགས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-18 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གཉེན་ཉེས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་གནས་ཚུལ་ཐོ་འགོད་སྙན་སེང་བྱེད་པའི་བརྡ་སྦྱོར་བཏང་ནས། ཞིང་ཆེན་ཡོངས་སུ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་གྱི་ཐོ་འགོད་སྙན་སེང་ལམ་ལུགས་བཙུགས།

བརྡ་སྦྱོར་ལས་གཏན་ཁེལ་བྱས་པའི་ཐོ་འགོད་སྙན་སེང་བྱེད་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན་པ་དང་། ཐོ་འགོད་སྙན་སེང་གི་ནང་དོན་ནི། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གཉེན་ཉེས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་གནས་ཚུལ་དང་། གཉེན་ཉེ་ཡིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་ཀྱིན་ཡོད་མེད་ཚང་མར་ཐོ་འགོད་སྙན་སེང་བྱེད་དགོས། རྫོང་དང་ཞང་རིམ་པ་གཉིས་ཀས་ཁོངས་གཏོགས་ས་ཁུལ་གྱི་ཐོ་འགོད་སྙན་སེང་བྱེད་དགོས་པ་ཚང་མ་ཐོ་འགོད་སྙན་སེང་བྱེད་དགོས་པ་དང་། ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་ཐོ་འགོད་སྙན་སེང་བྱེད་ཡུལ་ལ་ཡིག་ཐོག་སྙན་ཞུ་བྱས་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་ལ་སྙན་ཞུ་བྱས་ཏེ་ཐོ་འགོད་སྙན་ཞུ་དང་དོ་དམ་བྱེད་དགོས། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཐོ་འགོད་སྙན་སེང་གི་ཆེད་སྤྱོད་ཡིག་ཚགས་འཛུགས་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་སྒྲུབ་མཁན་དང་ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གཉེན་ཉེའི་ཁྲོད་དུ་མ་མཐའི་འཚོ་བའི་འགན་སྲུང་གི་སྙན་ཞུ་བྱེད་མཁན་ཡོད་ན། ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་བཀོད་པའི་གོ་རིམ་ཁྲོད་ཞུགས་མི་རུང་བར་མ་ཟད། གཏན་ཁེལ་བྱས་པའི་གོ་རིམ་ལྟར་ཞང་དང་གྲོང་བརྡལ་གྱིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་དུ་སོང་ནས་རྟོག་ཞིབ་དང་ཞིབ་བཤེར་གཏན་འབེབས། ཐོ་འགོད་བཅས་བྱེད་དགོས།

བརྡ་སྦྱོར་ལས་གཏན་ཁེལ་བྱས་པ་ལྟར་ན། མ་མཐའི་འཚོ་བའི་འགན་སྲུང་གི་བྱ་བ་སྒྲུབ་མཁན་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རང་འགུལ་གྱིས་རང་ཉིད་དང་གཉེན་ཉེ་ཡིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་གནས་ཚུལ་དྲུང་མོར་ཡིག་ཐོག་སྙན་ཞུ་མ་བྱས་ན། བརྟག་བཤེར་བྱས་རྗེས་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་གནས་ཚུལ་མི་དེའི་ལས་ཁུངས་དང་ཡང་ན་ཞང་དང་གྲོང་བརྡལ་གྱི་མི་དམངས་སྲིད་གཞུང་ལ་སྙན་ཞུ་བྱེད་དགོས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་་ལ་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་འགོད་པའི་གོ་རིམ་ཁྲོད་དུ་ཕྱོགས་རིས་དང་གཉེན་ཉེ་དང་གྲོགས་པོ་ལ་དམིགས་བསལ་སྟེར་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཚེ། དེའི་ནོར་འཁྲུལ་གྱི་ལྕི་ཡང་དང་མཇུག་འབྲས། རྣམ་འགྱུར་འཛིན་སྟངས་གཞིར་བཟུང་ནས། འབྲེལ་ཡོད་གཏན་ཁེལ་ལྟར་ཆད་པ་གཅོད་དགོས་པ་དང་། ནག་ཉེས་བཟོས་ཡོད་ཚེ་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་སུ་སྤྲོད་དགོས།

དེ་དང་མཉམ་དུ། བརྡ་སྦྱོར་ལས2014ལོ་ནས་བཟུང་། ཐོ་འགོད་སྙན་སེང་བྱ་བ་དེ་ས་ཆ་སོ་སོའི་མ་མཐའི་འཚོ་བའི་འགན་སྲུང་གི་གྲུབ་འབྲས་དཔྱད་ཞིབ་ཁྲོད་དུ་བཞག་ནས། ས་གནས་སོ་སོས་ཇུས་གཞི་བཟོས་ནས་ལག་བསྟར་བྱེད་པ་དང་། ལོ་རེའི་ཟླ་གསུམ་པའི་ཟླ་མཇུག་སྔོན་དུ་གཅིག་བསྡུས་ཀྱིས་ཐོ་འགོད་སྙན་སེང་གི་ཡིག་ཐོག་སྙན་ཞུ་བྱེད་ཚར་དགོས་པར་མ་ཟད། ཐོ་འགོད་སྙན་སེང་གི་ཡིག་ཚགས་འཛུགས་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག