མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་རེབ་གོང་སྒྱུ་རྩལ་ཐོན་ལས་ཀྱིས་བོད་རིགས་མང་ཚོགས་ཕྱུག་བསྒྱུར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-12-18 10:18

   

སྤྱི་ཟླ12པའི་ཚེས17ཉིན། འཇིམ་བཟོ་པ་ཤ་བོ་སྐྱབས་ཀྱིས་འཇིམ་སྐུ་སྟེང་ཚོན་བྱུག་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཤུགས་ཆེན་པོས་ཐང་ག་དང་བརྩེགས་དྲུབ། འཇིམ་བཟོ་གཙོ་བྱས་པའི་རེབ་གོང་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་སུ་བཏང་བས། ས་གནས་བོད་རིགས་མང་ཚོགས་དང་འབྲེལ་ཡོད་ལས་ཞུགས་པ་མི་ཁྲི1.6ཕྱུག་བསྒྱུར་བྱས། 2013ལོར། ས་གནས་ཀྱི་རེབ་གོང་སྒྱུ་རྩལ་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར3ལས་བརྒལ་ཞིང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི2ལས་བརྒལ་ཡོད།

    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་ལ། རེབ་གོང་སྒྱུ་རྩལ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་མཐའ་ཞིག་ཡིན་ལ། གཙོ་བོ་ཐང་ག་དང་བརྩེགས་དྲུབ། བཟོ་སྐྲུན་ཚོན་རིས། མེ་ཏོག་མཆོད་མཇལ་སོགས་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་ཤིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་དགུ་ཆུ་འགྲམ་རྒྱུད་དུ་ཆགས་པའི་རེབ་གོང་ནས་དར་ཁྱབ་དུ་སོང་བས་མིང་དེ་ལྟར་ཐོགས་པ་ཡིན། །

འཇིམ་བཟོ་པ་ཤ་བོ་སྐྱབས་རང་གིས་མ་དངུལ་བཏང་ནས་བཟོ་སྐྲུན་བྱས་པའི་རེབ་གོང་སྒྱུ་རྩལ་རིག་གནས་ཁང་གི་མདུན་ནས་ཡོད་པ།

སྤྱི་ཟླ12པའི་ཚེས17ཉིན། གནས་སྐོར་བ་ཞིག་གིས་ཐང་ག་བརྩམས་ཆོས་ལ་ལྟ་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག