མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་ཁ་གསབ་མ་དངུལ་སྒོར་ཁྲི24.17བཏང་ནས་ཁེ་ལས་ཆུང་བར་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-17 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དཀའ་ངལ་ཁེ་ལས་དང་ཁེ་ལས་ཆུང་བར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། རོགས་སྐྱོར་བྱ་བར་དངོས་ཕན་ལེན་པར་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རོགས་སྐྱོར་བྱ་བ་ནི་བྱེད་ཐབས་གསར་བ་བཅུའི་འབྲེལ་ཡོད་སྲིད་ཇུས་དག་དངོས་འབེབས་ལག་ལེན་བྱས་ཏེ། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དང་། ཁེ་ལས་ཀྱི་རོགས་སྐྱོར་སྙན་ཞུ་འབུལ་བའི་གོ་རིམ་དང་འབྲེལ་ཡོད་བྱ་བའི་བླང་བྱ་མངོན་གསལ་གྱིས་དངོས་འབེབས་བྱས། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས་གཞི་རིམ་དུ་ཁེ་ལས་ལ་དམིགས་གཏད་ཀྱིས་སྲིད་གཞུང་གིས་དཀའ་ངལ་ཁེ་ལས་དང་ཁེ་ལས་ཆུང་བར་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱས་ནས། ཁེ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་ལ་རྒྱུས་ལོན་དང་བེད་སྤྱོད་བྱེད་པར་རོགས་སྐྱོར་བྱས། དུས་ལྟར་དཀའ་ངལ་ཁེ་ལས་དང་ཁེ་ལས་ཆུང་བར་ལས་རྐང་ཁ་གསབ་དང་ལས་བཟོ་བའི་གསོ་སྦྱོང་ཁ་གསབ་དངོས་འབེབས་བྱས། མིག་སྔའི་བར་དུ། རྨ་ལྷོ་ཁུལ་གྱི་ཁེ་ལས་ཆུང་བ18ལ་ལས་རྐང་ཁ་གསབ་སྒོར་ཁྲི24.17རྩིས་སྤྲོད་བྱས་པ་དང་། ལས་བཟོ་བའི་ལས་རྐང76བརྟན་བརླིང་དུ་བཏང་། གཏན་འཁེལ་ལྟར་ལས་ཤོར་འགན་སྲུང་མ་དངུལ་སྤྲད་པའི་མི43ལ་ཟླ6རིང་གི་གནས་སྐབས་དངོས་ཟོག་ཁ་གསབ་སྒོར2580བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག