མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཆེད་དམིགས་ལེགས་བཅོས་སྤེལ་ནས་དུས་ཆེན་གཉིས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ལ་ཁག་ཐེག་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-12-17 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སང་ལོའི་དུས་ཆེན་གཉིས་སྐབས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་ཤུགས་སྣོན་ཆེད། ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས་བརྡ་སྦྱོར་བཏང་སྟེ། དུས་ཆེན་གཉིས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ཆེད་དམིགས་ལེགས་བཅོས་སྤེལ་བར་བཀོད་སྒྲིག་བྱས།

བརྡ་སྦྱོར་གྱི་བླང་བྱར་གཞིགས་ན། ས་ཁུལ་དང་ལྟ་སྐུལ་དོ་དམ་སྡེ་ཁག་སོ་སོས་ཞིང་ལས་ཐོན་རྫས་ཀྱི་འདེབས་འཛུགས་གསོ་སྤེལ་དང་ཁྱིམ་བྱ་གསོད་པ། ཟས་རིགས་ཐོན་སྐྱེད། ཟས་རིགས་དབོར་སྐྱེལ། སྨན་རྫས་ཐོན་སྐྱེད། སྨན་རྫས་དབོར་སྐྱེལ། སྨན་བཅོས་རྒྱུ་ཆ། བདེ་སྲུང་ཟས་རིགས་དང་མཛེས་སྤྲས་ཐོན་རྫས་སོགས་རིགས8གཙོ་གནད་དུ་བཟུང་སྟེ། འབྲས་དང་ཕྱེ། ཟས་བཀོལ་སྣུམ་རིགས་སོགས་དུས་ཆེན་སྐབས་སུ་བྲིན་ཆེ་བའི་ཟས་རིགས་དང་སྨན་རྫས། བདེ་སྲུང་ཐོན་རྫས། མཛེས་སྤྲས་ཐོན་རྫས་སོགས་གཙོ་གནད་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་ཕྱིར་བསྡུ་བྱས་ཏེ་ཟས་རིགས་ཐོན་སྐྱེད་དང་། ཟས་རིགས་སྦྱོར་བཅུད་ཚད་ལྡན་མིན་པ་དང་ཚད་བརྒལ་གྱིས་བེད་སྤྱོད་པ། དུས་བརྒལ་སྨན་རྫས་དང་སྨན་རྫས་རྫུན་མ་ཕྱིར་འཚོང་བྱེད་པ། བདེ་སྲུང་ཐོན་རྫས་ཀྱི་ཕན་ནུས་ཁྲིམས་འགལ་གྱིས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག