མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཞིང་ཆེན་རིམ་པའི“བསམ་པའི་དཔལ་ཡོན་ལས་ཁུངས”ཀྱི་གྲས་སུ་ཚུད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-17 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ“དཔལ་ཡོན་གཞུང་སྒྲུབ་ཁང”ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཀྱི་ཁུལ་དང་རྫོང་གི་ཅུའུ་ལྔ་ད་ལོར་ཞིང་ཆེན་རིམ་པའི“བསམ་པའི་དཔལ་ཡོན་ལས་ཁུངས”ཀྱི་གྲས་སུ་ཚུད་པ་དང་། བསམ་པའི་ཤེས་རིག་སྤེལ་བ་དང་བསྟུན་ནས། རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཀྱི་བྱ་བ་སྣ་ཚོགས་མངོན་གསལ་སྒོས་ཇེ་བཟང་དུ་སོང་། སྤྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་བསྡོམས་པས་ཁྲལ་བསྡུའི་ཡོང་སྒོ་སྣ་ཚོགས་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་མཛོད་དུ་བཞག དེ་དུས་མཉམ་ལས་བརྒྱ་ཆའི་དྲུག་ལྷག་འཕར་ཞིང་། སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་ཀྱིས་ཇེ་མང་དུ་སོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག