མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཞིང་ཕྱུགས་མཉམ་ལས་རྩ་འཛུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ནས་རོང་འབྲོག་ཁྱིམ་ཞུགས་ཚད54%ལ་སླེབས་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-21 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་མཉམ་ལས་དཔལ་འབྱོར་རྩ་འཛུགས517ཡོད་པ་དང་། དེའི་ནང་འདེབས་འཛུགས་ལས་རིགས་ཀྱི་མཉམ་ལས་རྩ་འཛུགས67དང་སྤྱིའི་མཉམ་ལས་རྩ་འཛུགས་ཀྱི12.96%ཟིན་ཡོད། ཕྱུགས་ལས་མཉམ་ལས་རྩ་འཛུགས387དང་དེས་མཉམ་ལས་རྩ་འཛུགས་ཀྱི74.85%ཟིན་ཞིང་། ཕྱིར་འཚོང་དང་ཞིང་ལས་འཕྲུལ་ཆས། ས་ཞིང་འཁོར་རྒྱུག་སོགས་ཞབས་ཞུ་རིགས་ཀྱི་རྩ་འཛུགས63ཡོད་ལ་དེས12.19%ཟིན་ཡོད། རིགས་སོ་སོའི་ཆེད་ལས་མཉམ་ལས་རྩ་འཛུགས་སུ་མི་གྲངས42549ལ་སླེབས་པ་དང་། རོང་འབྲོག་ཁྱིམ་མཉམ་ལས་དང་མཉམ་འབྲེལ་བདག་གཉེར་བྱེད་པའི་ཁྱིམ་ཚང28254ལ་སྐུལ་ཁྲིད་བྱས་ཤིང་། རོང་འབྲོག་ཁྱིམ་ཞུགས་ཚད54%ལ་སླེབས་ལ། ཞིང་བས་མཉམ་ལས་ཁང་མི་གྲངས་ཀྱི80%ཡན་ཟིན་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་ལ་ཞིང་ཆེན་དང་ཁུལ་རིམ་པའི་ནོར་སྲིད། ཞིང་ཕྱུགས་སྡེ་ཁག་གིས་རོགས་སྐྱོར་དང་བྱ་དགའི་ཁ་གསབ་མ་དངུལ་བྱིན་པའི་ཆེད་ལས་མཉམ་ལས་ཁང63ཡོད་པ་དང་། དེའི་ནང་མིན་ཡོན་རྫོང་གི་ཞིང་ཕན་ཞིང་ཕྱུགས་ལས་ཆེད་ལས་ཐོན་སྐྱེད་མཉམ་ལས་ཁང་ལ“རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང”གི་མཚན་སྙན་ཐོབ་ཡོད། རྐང་ཚ་རྫོང་ཁྲིན་ཧེ་ཡུངས་དཀར་ལས་སྣོན་ཆེད་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང5“ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང”དུ་གཏན་འཁེལ་བྱས་ཡོད། 2012ལོར་ཞིང་ཆེན་ཡོངས་ཀྱི་མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་སྐྲུན་མིང་མཛོད་དུ་ཚུད་པའི་མཉམ་ལས་ཁང132ཡོད་ལ་དེས་མཚོ་བྱང་ཁུལ་གྱི་མཉམ་ལས་ཁང་སྤྱི་གྲངས་ཀྱི26%ཟིན་ཡོད། ཉེ་བའི་ལོ་གཉིས་རིང་ཞིང་ཆེན་དང་ཁུལ་ནོར་སྲིད་ཀྱིས་རོགས་སྐྱོར་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཆེད་ལས་མཉམ་ལས་ཁང49ཡོད་པ་དང་། སྔར་ལས་མང་བའི་མཉམ་ལས་རྩ་འཛུགས་དག་ཚད་ལྡན་ཅན་དང་ཕན་འབྲས་ཅན་གྱི་ཁ་ཕྱོགས་སུ་སྐུལ་ཁྲིད་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་ཐོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག