མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་གྱི་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར17ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-21 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོད་དཔག་ལྟར་ན་ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི655སྣེ་ལེན་བྱས་པ་དང་དུས་མཉམ་ལས13%འཕར་ཡོད། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར17མངོན་འགྱུར་བྱས་པ་དང་དུས་མཉམ་ལས34%འཕར་ཞིང་། དེའི་ནང་གནས་སྐོར་གྱི་ཕྱི་སྒོར་ཡོང་སྒོ་ཨ་སྒོར་ཁྲི3ལ་སླེབས་ཡོད།

སྤྱི་ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གནས་སྐོར་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་སྣ་མང་ཅན་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས་ཙོང་ཆུའི་གནས་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་བསྡོམས་པས་གནས་སྐོར་མ་དངུལ་སྒོར་དུང་ཕྱུར11.3ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས25%འཕར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག