མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་བཏང་ནས་ཡུས་ཧྲུའུ་སློབ་གསོར་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-20 10:43

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སློབ་གསོ་འཕེལ་རྒྱས་འཕེལ་རྒྱས་ཐེབས་རྩ་ཚོགས་པས་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། མ་དངུལ་སྒོར་ཁྲི་བརྒྱ་ལྷག་བཏང་ནས་ཡུས་ཧྲུའུ་ཁུལ་དུ་སྔ་རྗེས་སུ་དབུལ་ཕོངས་ས་ཁུལ་གྱི་བྱིར་གཉོར་ཁང་ལ་སྒྲིག་ཆས་ཉོ་སྒྲུབ་དང་དབུལ་ཕོངས་དགེ་རྒན་ཚབ་མར་དཀའ་ངལ་རོགས་སྐྱོར་མ་དངུལ་སྟེར་བ། དབུལ་ཕོངས་མཐོ་འབྲིང་སློབ་མར་སློབ་ཡོན་རོགས་སྐྱོར་བྱེད་པ། སློབ་ཆུང་སློབ་མར་དགུན་ལ་སྟེར་བ་སོགས་རོགས་སྐྱོར་ལས་གཞི་དྲུག་ལག་བསྟར་བྱས།

    སྤྱི་ཟླ11པའི་ཚེས18ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་ཐེབས་རྩ་ཚོགས་པས་ཡུས་ཧྲུའུ་ཁུལ་གྱི་སློབ་གསོའི་རོགས་སྐྱོར་ལས་གཞི་སྣ་ཚོགས་ལག་བསྟར་བྱས་པ་དང་། དེའི་ནང་སྤྱི་ཚོགས་ཞལ་འདེབས་མ་དངུལ་སྒོར་ཁྲི36.2བེད་སྤྱོད་བྱས་ཏེ། ཆེད་དམིགས་ཀྱིས་ནང་ཆེན་རྫོང་མཁར་ཤར་བྱིས་གཉོར་ཁང་དང་འབྲི་སྟོད་རྫོང་ལི་ཞིན་ཤང་བྱིས་གཉོར་ཁང་ལ་སྒྲིག་ཆས་ཉོ་སྒྲུབ་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཤིང་། བྱིས་གཉོར་ཁང་གཉིས་ལ་ལུས་རྩལ་དང་རོལ་དབྱངས། དཔེ་དེབ་སོགས་སློབ་ཁྲིད་རོལ་རྩེད་འཚོ་བའི་སྒྲིག་ཆས་ཉོ་སྒྲུབ་བྱས། དགེ་རྒན་ཚབ་མའི་དངོས་ཡོད་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་པར་ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཞལ་འདེབས་མ་དངུལ་སྒོར་ཁྲི28.5བཀོལ་ནས་དཔལ་འབྱོར་དཀའ་ངལ་ཡོད་པའི་དགེ་རྒན་ཚབ་མ57ལ་རོགས་སྐྱོར་བྱས། ཡུས་ཧྲུའུ་ཁུལ་གྱི་ཁྱིམ་ཚང་དཔལ་འབྱོར་དབུལ་ཕོངས་ཡིན་པའི་མཐོ་འབྲིང་སློབ་མར་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཞལ་འདེབས་མ་དངུལ་སྒོར་ཁྲི90.6བཀོལ་ནས་ཡུས་ཧྲུའུ་ཁུལ་གྱི་དབུལ་ཕོངས་མཐོ་འབྲིང་སློབ་མ103དང་ཡུལ་གཞན་ནས་སློབ་གྲྭ་འགྲིམ་པའི་དབུལ་ཕོངས་སློབ་མ144ལ་རོགས་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། ས་ཁུལ་གཉིས་ཀྱི་དབུལ་ཕོངས་མཐོ་འབྲིང་སློབ་མའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སྐོར་ཞིག་ཐག་གཅོད་བྱས། བྱིས་པ་རྣམས་ཀྱིས་དྲོད་འཁོལ་ལྡན་པའི་དགུན་དུས་ཤིག་བསྐྱལ་བའི་གནད་དོན་ཐག་གཅོད་ཆེད། ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཞལ་འདེབས་མ་དངུལ་སྒོར་ཁྲི25.6བཀོལ་ནས་དགུན་ལ1561དང་དགུན་ལྷམ1561ཉོ་སྒྲུབ་བྱས་ཏེ། རྫོང་གསུམ་དང་ཤང་དྲུག་གི་སློབ་མ་ཚང་མར་རོགས་སྐྱོར་བྱས་པས། ཁོ་ཚོས་དྲོལ་འཁོལ་ལྡན་པའི་ངང་དགུན་དུས་བསྐྱལ་བར་རོགས་སྐྱོར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག