མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ཏང་ཙུའུ་ཡིས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཚན་རྩལ་ཐིན་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ཚན་རྩལ་ཐིན་ཁོངས་གཏོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གྲོས་ཚོགས་ཀྱི་རེ་བ་སྣ་ཚོགས་སྟེང་གཅིག་གྱུར་བྱས་ཏེ། བརྩོན་ལེན་གྱི་འདུ་ཤེས་དང་གོ་སྐབས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ནས། གསར་སྐྲུན་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཡར་རྒྱས་བརྩོན་ལེན་དང་དཀའ་ཁག་ཁྱད་དུ་བསལ་ཏེ། ཚན་རྩལ་ཡར་ཐོན་དང་ཚན་རྩལ་གསར་སྐྲུན་བྱེད་རྒྱུ་དེ་ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་དང་གྲུབ་ཚུལ་ལེགས་སྒྲིག བཅོས་བསྒྱུར་ལ་ཡར་སྐུལ། དམངས་འཚོར་ཁེ་ཕན་བསྐྲུན་པ་བཅས་ཀྱི་བྱ་བ་གཙོ་བོར་བརྩིས་ཏེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མྱུར་དུ་སྐྱེད་སྲིང་བྱེད་པ་དང་། ཐོན་ལས་ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཚོ་སྔོན་གྱི་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གསར་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཁུལ་གསུམ་འཛུགས་སྐྲུན་བྱེད་པར་རྒྱབ་རྟེན་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག