མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཚེས19ཉིན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བྱེད་པས་ངེས་པར་དུ་རེབ་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་བྱེད་དགོས་པ་དང་། ཀྲུང་དབྱང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་དགོས་པའི་སྐོར་གྱི་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བ་དེ་བཟོ་ཚོགས་ཀྱི་བྱ་བར་བཏོན་པའི་རེ་བ་གསར་བ་ཡིན་པ་ཞིབ་འཇུག་ནན་མོ་བྱེད་དགོས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བ་དེ་བཟོ་ཚོགས་ཀྱི་བྱ་བ་གསར་སྐྲུན་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གོ་སྐབས་གསར་བ་སྐྲུན་པར་དམ་འཛིན་བྱེད་དགོས་པ། རྒྱ་ཆེའི་ལས་བཟོ་བ་རྣམས་སྣེ་ཁྲིད་དེ་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས་པ་དང་། ལས་བཟོ་བ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བའི་ཐད་ཀྱི་བྱ་བར་གཅིག་གྱུར་བཅས་བྱས་ནས། དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཕྱི་བསྒྲུབ་ནས། རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་རྣམས་བཅོས་སྒྱུར་ལས་དོན་ཁྲོད་དུ་ཞུགས་པར་སྐུལ་སློང་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཡར་སྐུལ་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་དུ་བཟོ་བ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་ལོ་རྒྱུས་གསར་བ་སྐྲུན་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པ་དང་ཟུང་དུ་སྦྲེལ་ནས། ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དགོངས་དོན་དང་ཟུང་དུ་སྦྲེལ་དགོས་པ་དང་། བསམ་ཕྱོགས་སྔར་ལས་གསལ་བོ་བྱེད་དགོས་པ། གནད་ས་དམ་འཛིན་བྱེད་པ། སྙིང་སྟོབས་དར་སྤེལ་བྱེད་དགོས་པ་དང་བྱ་བ་ནན་འཛིན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་འགུལ་སྤྱོད་ལས་དོན་རྒྱུན་ཆད་མེད་པར་ཡར་སྐུལ་བྱེད་པ་དེ་བཅོས་སྒྱུར་བྱ་བའི་ཁྲོད་དུ་གསར་སྐྲུན་བྱེད་པ་དང་། གསར་སྐྲུན་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག