མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་འཁུར་བའི་གྲོས་ཚོགས་བསྡུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:42

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཚེས19ཉིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་འགན་འཁུར་བའི་གྲོས་ཚོགས་བསྡུས་ཏེ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་དྲིལ་སྒྲོག་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏེ་མ་ཅ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བཤད་རྒྱུར། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར་དོན་སྙིང་ཆེན་པོ་ཡོད་པ་དང་ལས་འགན་ཡང་ཧ་ཅང་ལྗིད་པས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ངེས་པར་དུ་ཀྲུང་དབྱང་གི་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། དེ་དང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཇུས་འགོད་ནན་མོ་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་མྱུར་དུ་སློང་དགོས་ཟེར།

    ཅི་ཏེ་མ་ཅ་ཡིས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་འབྲེལ་ཏེ་གསར་འགྱུར་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱེད་དགོས་ལ། ཧུར་ཐག་སྒོས་གནད་དོན་གལ་ཆེན་ལ་སློབ་སྦྱོང་དང་ཞིབ་འཇུག རྒྱས་བཤད་བཅས་བྱེད་པར་ཤུགས་སྣོན་པ་དང་ཚང་འཛོམས་གྲོས་ཚོགས་སྟེང་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན་པ་དང་སྟོབས་དང་ལྡན་པའི་བསམ་བློའི་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག