མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོའི་མང་ཚོགས་ཁྱིམ་ཚང3000“བདེ་འཇགས་སྡོད་ཁང”ནང་གནས་སྤར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-20 10:41

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁང་རྙིང་བསྒྱུར་བཅོས་སྲིད་ཇུས་ལ་འོས་འཚམ་གྱིས་ལེགས་སྒྲིག་བྱས་ཏེ། ནན་ཏན་སྒོས་ཁང་རྙིང་བསྒྱུར་བཅོས་བྱེད་ཡུལ་སོགས་ཀྱི་བྱེད་ཐབས་དམ་འཛིན་བྱས་ནས་ཕྱོགས་ཡོངས་ནས་ལོ་མགོར་གཏན་འཁེལ་བྱས་པའི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཁྱིམ་ཚང3000གྱི་ཁང་རྙིང་བསྒྱུར་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས། ཀྲུང་དབྱང་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཁ་གསབ་མ་དངུལ་སྒོར་ཁྲི6600བཏང་སྟེ། དཀའ་ངལ་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་མ་དངུལ་སྒོར་ཁྲི7938.4སྐུལ་ཁྲིད་བྱས།

    བྱ་བའི་ཁྲོད་མཚོ་ལྷོ་ཁུལ་གྱིས་ནན་ཏན་སྒོས་ཆེས་ཉེན་ཁ་ཡོད་པ་དང་ཆེས་དཀའ་ངལ་ལྡན་པ། ཆེས་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པར་གཞིགས་ཏེ། གཙོ་བོ་དཀའ་ངལ་མང་ཚོགས་ལ་ཁ་ཕྱོགས་ནས་ཁང་རྙིང་བསྒྱུར་བཅོས་བྱེད་ཡུལ་གཅིག་བསྡུའི་སྒོས་ཁང་རྙིང་ནང་སྡོད་པའི་ལྔ་སྐྱོང་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་། གཙོ་གནད་གཟིགས་སྐྱོང་བྱེད་ཡུལ་དང་གནོད་སྐྱོན་ལས་ཁང་བ་རྡིབ་པའི་དབུལ་ཕོངས་ཁྱིམ་ཚང་བཅས་ལ་བཀོད་སྒྲིག་བྱས་ཤིང་། དེའི་ནང“རིགས་བཞིའི”དཀའ་ངལ་མང་ཚོགས་ཁྱིམ་ཚང1379ཡོད་པ་དང་། ལྔ་སྐྱོང་ཁྱིམ་ཚང63དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང984། དབང་བོ་སྐྱོན་ཅན་ཁྱིམ་ཚང304། གཟིགས་སྐྱོང་བྱེད་ཡུལ་ཁྱིམ་ཚང28བཅས་ཡོད་པས་དེས་སྤྱིའི་ཁྱིམ་གྲངས་ཀྱི46%ཟིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག