མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྐོར་ཁག་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱི་མགོ་ཁྲིད་དང་པོའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-20 10:35

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྐོར་ཁག་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་ལས་ཁུངས་ཀྱི་མགོ་ཁྲིད་དང་པོའི་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དུས་རིམ་སྔོན་མའི་བྱ་བར་སྤྱི་བསྡོམས། དག་ཐེར་ལག་ལེན་དང་སྒྲིག་སྲོལ་འཛུགས་པའི་དུས་མཚམས་ཀྱི་བྱ་བར་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཏང་ཙུའུ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་གནས་ཚུལ་གྱི་སྤྱི་བསྡོམས་བྱ་བའི་སྙན་ཞུ་ལ་ལྟ་ཞིབ་ཚད་ལེན་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གཏམ་བཤད།

    ལོ་ཧོས་ཉིན་གྱིས་བསྟན་དོན། ཚད་མཐོ་བའི་སྒོ་ནས་དུས་རིམ་གསུམ་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ཏེ། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ལས་ཁུངས་སོ་སོ་དང་མཉམ་ལས་དམ་པོ་བྱས་ནས། དུས་རིམ་གསུམ་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་གཞི་རིམ་དུ་སོང་ནས་ཞབས་འདེགས་ཞུ་པ་དང་ཡུལ་དངོས་ནས་གཞུང་སྒྲུབ་བྱེད་པ་དེ་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཙོ་བོར་བརྩིས་ནས་ལག་བསྟར་བཟང་བོ་བྱེད་དགོས་ལ། སྐོར་ཁག་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས། སྐོར་ཁག་གཉིས་པའི་བྱ་འགུལ་ཁྲོད་ཞུགས་པའི་ལས་ཁུངས་སྔར་ལས་མང་བ་དང་། མང་ཚོགས་ལ་སྔར་ལས་ཐད་ཀར་གྱིས་འབྲེལ་འདྲིས་བྱེད་པ་དང་། མྱུར་དུ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་དངོས་སྡོད་ཞིབ་འཇུག་བྱེད་པའི་བྱ་བ་སྤེལ་ནས། གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་དང་མང་ཚོགས་ཀྱི་ཞུ་གཏུག་ལ་ཉན་པ། འབུར་ཐོན་གྱི་གནད་དོན་དམ་འཛིན་བྱེད་པ་བཅས་བྱེད་དགོས་པ་དང་། མུ་མཐུད་དུ་མགོ་ཁྲིད་དང་པོའི་གནད་འགག་གི་ནུས་བ་འདོན་སྤེལ་བཟང་བོ་བྱས་ཏེ། ལྷོད་གཡེང་མེད་པར་དམ་འཛིན་དང་མགོ་འཇུག་ཡོད་པའི་སྒོ་ནས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། ལོ་ཧོས་ཉིན་གྱིས་ད་དུང་ཚོགས་ཐོག་ནས་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བྱ་བར་བཀོད་སྒྲིག་བྱས།

    ཝང་ཅན་ཅོན་གྱིས་བསྟན་དོན། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་གྲོལ་བའི་དུས་ཚོད་ནི་དག་ཐེར་ལེགས་བཅོས་མགོ་རྩོམ་པའི་དུས་ཚོད་ཡིན། ཚན་ཁག་སོ་སོ་དང་རིམ་པ་སོ་སོའི་ལས་བྱེད་པས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་མཐོན་པོའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་ལག་བསྟར་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་བཟོ་བའི་བྱ་བ་དམ་འཛིན་བྱས་པར་མ་ཟད་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་པ། འབུར་ཐོན་གནད་དོན་གྱི་ཆེད་དོན་དག་ཐེར་ལེགས་བཅོས་དང་སྒྲིག་སྲོལ་འཛུགས་པའི་བྱ་བ་དམ་འཛིན་བྱེད་པ་བཅས་བྱས་ནས། ཞབས་འདེགས་བཞིའི་བྱ་འགུལ་བཟང་བོར་སྤེལ་དགོས་པ་དང་། ཚད་གཞི་དང་བྱེད་ཐབས། སྒྲིག་ལམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་།སློབ་སྦྱོང་དང་བྱ་བ། ལྟ་སྐུལ་མཛུབ་སྟོན། ལག་བསྟར་བཅས་ཐད་ནས་རྗེས་ཆོད་པ་བྱས་ནས སློབ་གསོ་ལག་ལེན་བྱ་འགུལ་བདེ་བླགས་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ལ། མགོ་ཁྲིད་ཚན་ཁག་གི་དག་ཐེར་ལེགས་བཅོས་ཇུས་གཞི་དང་ཆེད་དོན་དག་ཐེར་བཅོས་སྐྱོང་གི་བྱ་བའི་ཇུས་གཞི། ལམ་ལུགས་འཛུགས་སྐྲུན་བྱ་བའི་འཆར་གཞི། མགོ་ཁྲིད་ལས་བྱེད་པ་རང་ཉིད་ཀྱི་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་བཅས་གཏན་འབེབས་བྱེད་དགོས་པ་དང་། མང་ཚོགས་ལ་མགོ་ཁྲིད་ཚན་ཁག་གི་དག་ཐེར་ལེགས་བཅོས་ཇུས་གཞི་ཕྱིར་སྒྲོག་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག