མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ཤང་གྲོང་ཡོངས་ལ་ཁྱབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-19 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2011ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་བྱ་བ་ལག་བསྟར་བྱས་པའི་ཚུན། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཧུར་བརྩོན་གྱིས་འཚོལ་ཞིབ་དང་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། མུ་མཐུད་དུ་སྨན་བཅོས་ལམ་ལུགས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། སྨན་བཅོས་འགན་སྲུང་དུ་ཞུགས་པའི་མི་གྲངས་རིམ་བཞིན་ཇེ་མང་ལ་སོང་ཞིང་། གྲོང་རྡལ་ལས་བཟོ་བ་དང་སྡོད་དམངས། ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་སུ་ཞུགས་པའི་མི་གྲངས་སོ་སོར་མི75900དང་མི87898། 1286086ལ་སླེབས་ཤིང་། འགན་སྲུང་ནང་ཞུགས་ཚད་སོ་སོར99.7%དང98.8%། 99.9%ཡིན་པས་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་ཤང་གྲོང་ཡོངས་ལ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། མཚོ་ཤར་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་གྲོན་དངུལ་ཆུ་ཚད་དེ2010ལོར་མི་རེར་ཆ་སྙོམས་ཀྱིས་སྒོར154.3ནས་ད་ལྟ་སྒོར470ལ་ཇེ་མཐོར་སོང་ཡོད་པ་དང་། ཤང་གྲོང་སྡོད་དམངས་སྲིད་ཇུས་ཁྱབ་ཁོངས་ནང་ཞག་སྡོད་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཚད76%ལ་སླེབས་ཡོད། སྨན་བཅོས་འགན་སྲུང་སྲིད་ཇུས་ཆེན་མོ་གསུམ་གྱི་ཁྱབ་ཁོངས་ནང་གཅིག་གྱུར་སྒོས་ཐེབས་རྩ་རྩིས་སྤྲོད་བྱེད་ཚད་སོ་སོར་ལས་བཟོ་བར་སྒོར་ཁྲི25དང་ཤང་གྲོང་སྡོད་དམངས་ལ་སྒོར་ཁྲི10ལ་སླེབས་ཡོད། ནད་རིགས་ལྕིད་མོ་སྨན་བཅོས་འགན་སྲུང་བྱེད་པར་ནད་རིགས21ཡོད་པ་དང་། སྤྱི་ཟླ9བའི་ཚེས31ཉིན་བར་དུ་ནད་པ་མི་ཐེངས8469ཡིས་ནད་རིགས་ལྕིད་མོའི་སྨན་བཅོས་འགན་སྲུང་ལོངས་སྤྱོད་བྱས་པ་དང་སྨན་རིན་སྒོར་ཁྲི4734.82རྩིས་ཞུ་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱིས་ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དེ་གྲོང་ཁྱེར་རིམ་པ་དང་ས་ཁོངས་ནས་དུས་ལྟར་སྨན་རིན་རྩིས་ཞུ་བྱེད་པ་མངོན་འགྱུར་བྱས་ཡོད། 2012ལོའི་སྤྱི་ཟླ9བའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་གཞུང་བཙུགས་སྨན་ཁང་གིས་སྔོན་ལ“ཞག་སྡོད་སྨན་བཅོས་བྱེད་པ་དང་རྗེས་ནས་སྨན་རིན་རྩིས་ཞུ་བྱེད་པའི”ཞབས་ཞུ་རྣམ་པ་ལག་བསྟར་བྱས་པས་མང་ཚོགས་ཀྱིས་སྨན་བསྟེན་པར་སྟབས་བདེ་བསྐྲུན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག