མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་ལེགས་པོར་སྒྲུབ་པར་གྲ་སྒྲིག་བྱེད་ཆེད་ཝང་ལིན་ཅུན་གྱིས་མཚོ་ནུབ་དང་མཚོ་བྱང་ཏུ་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-11-19 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས13ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅུན་ཨོ་ལན་དང་ཏུའུ་ལན། ཐེན་ཆེན། རྐང་ཚ་བཅས་སུ་སོང་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་བྱེད་པ་སྡེ་བར་བསྐྱོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་རྟོག་ཞིབ་བྱས།

ཝང་ལིན་ཅུན་གྱིས་སྡེ་བར་བསྐྱོད་པའི་ལས་བྱེད་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། སྡེ་བར་བསྐྱོད་པའི་ལས་བྱེད་པས་གོ་སྐབས་དམ་འཛིན་བྱས་ཏེ་བློ་སེམས་རྩེ་གཅིག་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་སློབ་སྦྱོང་བྱེད་དགོས་ལ། ཧུར་བརྩོན་གྱིས་དོན་དངོས་དང་དོན་བཟང་མང་པོ་སྒྲུབ་ནས་སྤྱི་ཚོགས་བརྟན་བརླིང་དང་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་བྱེད་པ། གཞི་རིམ་རྨང་གཞི་ལ་ཤུགས་སྣོན་པ་སོགས་ཀྱི་བྱ་བའི་ཁྲོད་ཕྱོགས་ཡོངས་དང་བྱེད་ནུས་སྣ་ཚོགས་འདོན་སྤེལ་བྱེད་པ་དང་། ཤང་གྲོང་གི་ཏང་ཨུ་སྲིད་གཞུང་གིས་སྡེ་བར་བསྐྱོད་པའི་ལས་བྱེད་པ་བེད་སྤྱོད་དང་དོ་དམ་གང་ལེགས་བྱེད་པའི་དུས་མཚུངས་སུ་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་པར་རོགས་སྐྱོར་བྱེད་དགོས་ལ། སྡེ་བར་བསྐྱོད་པའི་ལས་བྱེད་པས་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་བྱེད་ནུས་གང་ལེགས་འདོན་དགོས།

ཝང་ལིན་ཅུན་གྱིས་ཏང་སྲིད་ལས་ཁུངས་དང་ཤང་གྲོང་། སྡེ་བ། འཚོ་སྡོད་ཁུལ། སློབ་གྲྭ། སྨན་ཁང་། དམངས་གཉེར་ཁེ་ལས་དང་རྒྱལ་གཉེར་ཁེ་ལས་བཅས་ཀྱི་འཐུས་མི་དང་བཞུགས་མོལ་བྱས་ཏེ། སྐོར་གཉིས་པའི་སློབ་གསོའི་ལག་ལེན་བྱ་འགུལ་ནང་གང་དག་གཙོ་གནད་བྱ་ཡུལ་དང་གཙོ་གནད་ཁྱབ་ཁོངས་སུ་འཛིན་པ། བྱེད་ཐབས་གང་དག་སྤྱོད་པ་དང་དམིགས་ཚད་གང་དག་མངོན་འགྱུར་བྱེད་པ། ཇི་ལྟར་ཕན་ནུས་ལྡན་པའི་སྒོ་ནས་སྐོར་དང་པོ་དང་སྐོར་གཉིས་པའི་བྱ་འགུལ་འབྲེལ་མཐུད་བྱེད་པ། ས་གནས་དང་ལས་ཁུངས་ཀྱི“བྱ་སྤྱོད་བཞིའི”གནད་དོན་མངོན་ཚུལ་གཙོ་བོ་སོགས་གནད་དོན་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས། ཝང་ལིན་ཅུན་གྱིས་སྐོར་གཉིས་པའི་བྱ་འགུལ་ལས་ཁུངས་ཀྱིས་བསམ་བློ་ངོས་འཛིན་གཅིག་གྱུར་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐག་གཅོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། སྐོར་དང་པོའི་བྱ་འགུལ་གྱི་ཉམས་མྱོང་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། རང་རང་གི་དོན་དངོས་དང་འབྲེལ་ནས་ནན་ཏན་སྒོས་སློབ་སྦྱོང་དང་རྟོག་ཞིབ། བསྒྱུར་བཅོས་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ་སྐོར་གཉིས་པའི་བྱ་འགུལ་ལ་དངོས་ཕན་ཐོབ་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག