མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་ཀྱིས་མཐོ་སྒང་གི་ལྗང་མདོག་འགོག་རགས་ཤིག་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2005ལོ་ནས་ད་ལོའི་སྤྱི་ཟླ10བའི་ཟླ་མཇུག་བར་དུ། རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར74.85ལེགས་འགྲུབ་བྱས་ཏེ། རིམ་བཞིན་མཐོ་སྒང་གི་ལྗང་མདོག་འགོག་རགས་ཤིག་བསྐྲུན་ཡོད།

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱེད་རྒྱུར། 2005ལོའི་སྤྱི་ཟླ8པ་ནས་བཟུང་། རྒྱལ་ཁབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་དངོས་སུ་འགོ་བརྩམས་པར་ཆོག་མཆན་ཐོབ་པ་བརྒྱུད། བཟོ་འགོད་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར75.4བཏང་ཡོད། ད་ལོའི་སྤྱི་ཟླ10བའི་ཟླ་མཇུག་བར་དུ། མ་དངུལ་སྒོར་དུང་ཕྱུར74.85རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་དངོས་འབེབས་བྱས་ཡོད། རིགས་ཆེན་མོ་གསུམ་གྱི་འཆར་བཀོད་ལས་གཞི22ཁྲོད་ས་ནག་ཐང་ལེགས་བཅོས་དང་ནུས་ཁུངས་འཛུགས་སྐྲུན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག ཨ་བྲའི་གནོད་འགོག རྨོ་བསྐྱུར་ནགས་འཛུགས་དང་རྩྭ་སྐྱོང་། མིས་ཆར་དབེབས་པ། གྲོང་རྡལ་ཆུང་བ་འཛུགས་སྐྲུན། སྐྱེ་ཁམས་གནས་སྤོར་སོགས་བཟོ་འགོད་ཀྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱས་ཡོད།

འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་བཤེར་ཚད་ལེན་ལས་མངོན་པ་ལྟར་ན། 2005ལོ་ནས2012ལོའི་བར་གྱི་ཆ་སྙོམས་ཀྱི་ས་ངོས་ཆུའི་ཐོན་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར512.7ལ་སླེབས་ཡོད། ལོ་དུ་མའི་ཆ་སྙོམས་ཚད་གཞི་དང་བསྡུར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་ངོས་ཆུའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར82.9ཇེ་མང་ལ་སོང་ཡོད་པ་དང་། དེའི་ནང་རྨ་ཆུའི་འབྱུང་ཡུལ་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར24.4དང་འབྲི་ཆུ་འབྱུང་ཡུལ་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར45.8། རྫ་ཆུ་འབྱུང་ཡུལ་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར12.7བཅས་ཇེ་མང་ལ་སོང་ཡོད།

གཞི་རྩའི་སྟེང་སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པར་འགོག་བཅོས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཙུགས་ཏེ། 《མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད》ལག་བསྟར་བྱེད་པར་ཆོག་མཆན་ཐོབ་པ་དང་། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་དེ་མ་ལག་ཅན་དང་གཞི་ཁྱོན་ཆེན་པོའི་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དུས་རིམ་ད་སླེབས་པ་མཚོན་ཡོད། ཉེ་སྔོན་འབྲེལ་ཡོད་ཀྱི་དུས་སྐབས་སྔོན་མའི་བྱ་བ་དག་ལག་བསྟར་བྱེད་མགོ་བརྩམས་ཡོད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག