མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་གཞུང་ལམ་འཛུགས་སྐྲུན་དང་འཆར་འགོད་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-19 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཡིས་ཞིང་ཆེན་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་ཁྲིད་ནས་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཏ་ཐུང་གཞུང་ལམ་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས། མཱ་ཀྲི་ཝེ་སོགས་གྱིས་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལ་ཉན་རྗེས། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཡར་རྐ་ནས་རོང་བོ་འགག་བར་གྱི་མྱུར་བགྲོད་གཞུང་ལམ་དང་འཛུགས་སྐྲུན་བྱས་ཟིན་པའི་ཨ་སྐོང་དང་ཁྲི་ཀ་བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་ལས་གཞི་དོ་དམ་མི་སྣ་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་ལས་ཁུངས་ཀྱི་བློ་མཐུན་རྣམས་དང་མཉམ་དུ་ཡོངས་ཁྱབ་ཏུ་བསམ་ཚུལ་བརྗེ་རེས་བྱས།

མཱ་ཀྲི་ཝེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་ལས་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་སྔ་ན་མེད་པའི་གྲུབ་འབྲས་བླངས་ནས་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག རྨ་ཆུའི་འགྲམ་རྒྱུད་ཀྱི་ཏ་ཐུང་གཞུང་ལམ་འཛུགས་སྐྲུན་བྱས་ན་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཕན་ཁེ་སྔར་ལས་ཆེན་པོ་བསྐྲུན་ཐུབ། དེང་སྐབས་འཛུགས་སྐྲུན་ཁྲོད་དུ་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་ཞིག་ཡོད་པ་དང་། དཀའ་ཁག་ལ་ལ་ཞིག་མཚོ་སྔོན་ཞིང་ཆེན་གྱིས་ཐག་གཅོད་བྱེད་ཐབས་མེད་པས། མཚོ་སྔོན་གྱི་དོན་དངོས་དང་འབྲེལ་ཏེ་རྨ་ཆུའི་འགྲམ་རྒྱུད་གཞུང་ལམ་གྱི་ཏ་ཐུང་གཞུང་ལམ་འཛུགས་སྐྲུན་བྱེད་པ་དེ་ཁུལ་གསུམ་འཛུགས་སྐྲུན་དང་ཟུང་དུ་འབྲེལ་ནས་ཐབས་བརྒྱ་ཇུས་སྟོང་གིས་རྨ་ཆུའི་འགྲམ་རྒྱུད་གཞུང་ལམ་གྱི་ཏ་ཐུང་གཞུང་ལམ་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་འགོད་པར་བརྩོན་ལེན་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག